དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་ནན་གྱིས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱེད་པ།

    བརྩེ་བ་ཟབ་མོ་བཅངས་ནས་མདུན་སྐྱོད་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-03

    ལྷོ་ཁ་དང་ཧུའུ་ནན་གཉིས་ནས་གཅིག་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་རྒྱུད་དུ་གནས་པ་དང་། གཅིག་ཤོས་ནི་ཏུང་ཐིང་མཚེའུའི་ལྷོ་རྒྱུད་དུ་གནས་ཡོད། བར་ཐག་སྤྱི་ལེ་3000ལྷག་ཙམ་ཆོད་པའི་ས་ཆ་དེ་གཉིས་དབར་ས་བབ་སྨི་3000ལྷག་ཙམ་གྱི་ཧེ་བག་ཡོད་པ་དང་རི་ཀླུང་ཁྲི་སྟོང་མང་པོའི་བར་ཐག་ཆོད་མོད། འོན་ཀྱང“ཧུའུ་ནན་དང་བོད་དབར་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྤུན་ཟླའི་བརྩེ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད།

    ལོ་30ལྷག་ཙམ་རིང་། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“ཀྲུང་དབྱང་གི་མངགས་བཅོལ”བློ་ལ་བརྟན་པོར་ངེས་ནས“ལྷོ་ཁའི་དགོས་མཁོར”དམིགས་པ་དང“ཧུའུ་ནན་གྱི་ནུས་པ”བཏོན་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པའི་བར་དང་། ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་ནས་རིག་སྟོབས་ཀྱི་བོད་སྐྱོར་ཕན་ནུས་ཆེ་རུ་གཏོང་བའི་བར། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་བར་ལ་རྒྱུན་སྲིང་ལག་བསྟར་དང་། སྙིང་རུས་གཏན་འཁྱོངས། སེམས་ནུས་ཡོད་རྒུ་འདོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ལྷོ་ཁར་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ཡོད་པ་རེད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཀྱིས།  མཛའ་མཐུན་གྱི་ལེའུ་མཉམ་དུ་བརྩམས་པ།

    ལོ་30ཡི་རིང་། ཧུའུ་ནན་དང་བོད་ཀྱིས་འགྲོ་འོང་དང་སྤེལ་རེས་ཐེངས་410ལྷག་ཙམ་བྱས་པར་མི་ཐེངས་6400ལྷག་ཙམ་ཟིན་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཏང་སྲིད་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱས་པས། ཧུའུ་ནན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ནས་བློ་སེམས་སྔར་བས་གཅིག་སྒྲིལ་ཐུབ་ཡོད་པ་རེད།

    ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་བོད་སྐྱོར་བྱས་ཏེ། ལྷོ་ཁའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བའི་ལས་སྟེགས་མཁོ་འདོན་བྱས་པ་མ་ཟད། ཁོང་ཚོ་ཧུའུ་ནན་དང་བོད་ལྗོངས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་ཅིག་ཏུ་གྱུར་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་རིམ་རྩིས་བྱས་ན་ཧུའུ་ནན་ཞིང་ཆེན་དུ་ལས་ཞུགས་ལས་གནས་ཁྲི་1.8ལྷག་ཙམ་བསྡུ་རུབ་བྱས་པ་དང་། ལས་མི་བསྡུ་བའི་འདུ་ཚོགས་ཐེངས་27འཚོགས་པ། ཧུའུ་ནན་དུ་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་འབྲེལ་གཏུག་ས་ཚིགས་1དང་། ལས་ཞུགས་ལས་གཏོད་རྟེན་གཞི་8 ལས་ཞུགས་ལྟ་སྦྱོང་རྟེན་གཞི་1བཅས་བཙུགས་ནས་ལྷོ་ཁའི་མང་ཚོགས་400ལྷག་ཙམ་ཧུའུ་ནན་དུ་ལས་ཞུགས་ལས་གཏོད་བྱེད་པར་རོགས་རམ་བྱས་ཡོད་པ་རེད།

    ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་གྱིས།   དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

    ཧུའུ་ནན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཧུའུ་ནན་ལམ་ཆེན་དང་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་ཚུད་པའི་རོགས་སྐྱོར་རྣམ་གྲངས་ཁག་གཅིག་ལས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་མ་ཟད། ལྷོ་ཁའི་འཕེལ་རྒྱས་ལའང་སྐུལ་འདེད་ཐེབས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་30ཡི་རིང་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་སྦྲེལ་ཟམ་གྱི་ནུས་པ་ཧུར་ཐག་འདོན་ཏེ། རྣམ་གྲངས་ཀྱི་མ་དངུལ་ཟམ་མི་ཆད་པར་མང་དུ་གཏོང་བ་དང་འབྲེལ་མཐུད་ཤུགས་ཆེན་གྱིས་རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་དང་དངོས་ཟོག་སྒྲིག་ཆས་སྒོར་དུང་ཕྱུར་27.01ཟིན་པ་དང་རྣམ་གྲངས་536ལག་བསྟར་བྱས་ཡོད།

    གོང་དཀར་རྫོང་གོ་ཆེ་གྲོང་ཚོར་དེ་སྔ་གཞི་རིམ་བཅོས་སྐྱོང་དང་། མཉམ་སྡེབ་དཔལ་འབྱོར། སྡོད་མལ་ཁོར་ཡུག་སོགས་ཀྱི་རྐྱེན་པས་འབྲེལ་ཡོད་དཔྱད་ཞིབ་ཀྱི་གྲུབ་འབྲས་ཡག་པོ་ཐོབ་མེད། 2023ལོའི་ལོ་འགོར་ཁྲང་ཧྲ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་གྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། གྲོང་མིའི་མོས་མཐུན་བྱེད་ཚད་90%ཡན་ཟིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྡོད་མལ་ཁོར་ཡུག་དང་གཞི་རིམ་གྱི་རྨང་གཞི་ལེགས་སུ་གཏོང་བའི་དམངས་ཕན་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཡོད།

    རྨང་གཞིའི་སྒྲིག་བཀོད་དང་། བོད་སྐྱོར་ཐོན་ལས། ཁོར་ཡུག་བཅོས་སྒྲིག་བཅས་ཀྱི་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་པས་ཕན་འབྲས་ཆེན་པོ་ཐོན་ཡོད་ལ། ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པའང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གོ་ཆེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སངས་རྒྱས་ཀྱིས“བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་དང་རྣམ་གྲངས་ཐད་རྒྱབ་སྐྱོར་བྱས་པ་མ་ཟད། ཁོང་ཚོས་དམངས་ཀྱི་དགོས་མཁོ་སྐོང་བའི་ལས་ཀའི་འདུ་ཤེས་ལ་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་བྱེད་ཚད་མཐོ་རུ་བཏང་བས་མང་ཚོགས་ཀྱི་ངར་ཤུགས་ཀྱང་རང་འགུལ་ངང་ཆེ་རུ་ཕྱིན་འདུག”ཅེས་བཤད།

    བློ་རིག་རོགས་སྐྱོར་ཁྱབ་འགྱེད་ཀྱིས།    ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་པ།

    2019ལོར། ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པ་དེ་ཧུའུ་ནན་གྱི་སློབ་གསོ་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རོགས་སྐྱོར་སློབ་གྲྭར་གྱུར་པ་དང་། ལོ་ཤས་རིང་སློབ་གྲྭའི་རྨང་གཞི་དང་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རིགས་གཅིག་མཁས་ཅན་གྱི་དགེ་རྒན་བོད་དུ་སློབ་ཁྲིད་བྱེད་པར་ཡོང་ཡོད། 2023ལོར་སློབ་གྲྭ་དེའི“སློབ་ཆུང་ཡིག་རྒྱུགས”སླར་ཡང་གྲོང་ཁྱེར་ཐད་གཏོགས་སློབ་གྲྭའི་ཨང་དང་པོར་སླེབས་ཤིང་། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས“བོད་སྐྱོར་བྱེད་པར་སྔོན་ལ་སློབ་སྐྱོར་བྱེད་རྒྱུ”མཐའ་འཁྱོངས་བྱས་པར་སློབ་གྲྭའི་དགེ་སློབ་ཚོས་བསྔགས་བརྗོད་བྱས་ཤིང་། མིག་སྔའི་བར། ཧུའུ་ནན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན། ཁག་12ལ་དབྱེ་ནས་དགེ་རྒན་234བཏང་བ་དང་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་3.7བཏང་བས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    ལོ་30ཡི་རིང་། ཧུའུ་ནན་ཞིང་ཆེན་གྱིས་སྨན་བཅོས་ཚོགས་ཆུང་གི་ཚོགས་པ་དང་། ཚོང་འགུགས་ཚོགས་ཆུང་གི་ཚོགས་པ། ཡུལ་སྐོར་ཚོགས་ཆུང་གི་ཚོགས་པ། སྡོད་ཁང་འཛུགས་སྐྲུན་ཚོགས་ཆུང་གི་ཚོགས་པ་སོགས་ཚོགས་པ་སྣ་ཚོགས་ཀྱི་བོད་སྐྱོར་ཕན་ནུས་འདོན་སྤེལ་ཤུགས་ཆེན་བྱས་ནས། རྩལ་ནུས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྷོ་ཁའི་འཕེལ་རྒྱས་ལ་བློ་རིག་གི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།