དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་ཁྲོམ་རའི་ཚོང་གཉེར་བྱེད་པོ་དུད་ཚང་ཁྲི་18ལས་བརྒལ་བ།

    དུས་མཚུངས་ལས་11.1%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-03

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2024ལོའི་ལོ་སྟོད་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཝུའེ་ཀྲི་ཅུན་གྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྲོམ་ར་ལྟ་འདོམས་གནད་དོན་ཐད་ཀྱི་ཆ་འཕྲིན་གལ་ཆེན་ཡོངས་བསྒྲགས་བྱས་པ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།

    འདི་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་གྱིས“གློད་སྡོམ་ཞབས་གསུམ”གྱི་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཐོ་བཀོད་ཁྲོམ་རའི་ཚོང་གཉེར་བྱེད་པོ་དུད་ཚང་ཁྲི་18.6ཟིན་པ་དེ་དུས་མཚུངས་ལས་11.1%འཕར་བ་དང་། འཛད་སྤྱོད་ཀྱི་ཞུ་གཏུག་ཐེར་འདོན་གོང་ཞུ་5887ཐག་གཅོད་བྱས་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཚད་100%ཟིན་ནས་དཔལ་འབྱོར་གྱོང་གུན་སྒོར་ཁྲི་128མི་ཕོག་པ་བྱུང་ཡོད། ཁྲིམས་འགལ་གྱོད་གཞི་198ཞིབ་བཤེར་ཐག་གཅོད་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་88.41ཟིན་ཡོད་ལ། དངུལ་ཆད་སྒོར་ཁྲི་178.5བཏང་ཡོད།

    མིག་སྔར། ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཆེས་ཆེར་ལེགས་སུ་ཕྱིན་ནས་ཁེ་ལས་ལ་དེ་བས་སྟབས་བདེ་བྱུང་ཡོད། ཐོ་འགོད་བྱས་པའི་དོན་ཚན་22དང་རྣམ་གྲངས་75ཆད་ལུས་མེད་པར་གཉེར་བ་དང་།“ཁེར་རྐྱང་ཚོང་དུད་ཁེ་ལས་སུ་བསྒྱུར་བའི”ཐོ་འགོད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཉིན་གཅིག་ནང་ཁེ་ལས་ལ་འགྲོ་ལུགས་གཉེར་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་9ཁེ་ལས་སུ་རིམ་སྤོར་ཐོ་འགོད་བྱས་ཡོད། “ཐེངས་གཅིག་ལ་སྤྲོད་པ་དང་དྲ་གཅིག་ཀུན་སྒྲུབ”བརྒྱུད་ཁེ་ལས་2900ལྷག་ཙམ་རེ་ཞུ་ཐོ་འགོད་བྱས་པ་དང་དྲ་ཐོག་ནས་ལས་སྒོ་ཁྲི་2.7གཉེར་ནས་རིགས་ཁག་གི་ཐོ་འགོད་ལས་སྒོ་ཁྱབ་ཚད་90%ཡན་ཟིན་ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་སུབ་ཐབས་སྟབས་བདེ་རུ་བཏང་བ་དང་མི་ཐབས་ལ་བརྟེན་ནས་བློ་འདྲིའི་ཐད་སྦྲེལ་ཁ་པར་རིམ་སྤོར་བྱས་ནས་ཐོ་འགོད་ལས་སྒོ་ཐད་ཀར་གཉེར་བས་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་གྱི་ཡོད་པ་རེད།

    སློབ་གྲྭའི་བཟའ་བཅའི་བདེ་འཇགས་ནི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད། སློབ་གྲྭའི་ཟ་ཁང་970ལ་ཞིབ་བཤེར་དང་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོའི་ཡི་གེ་77སྤྲད་པ་དང་གྱོད་གཞི་3གྱོད་དོན་ཐོ་འགོད་བྱས་པ། དངུལ་ཆད་སྒོར་ཁྲི་17བཏང་བ། ཚོང་པ་8ལ་སྐོང་འདྲི་བཅས་བྱས་པ་མ་ཟད། ལྗོངས་ཡོངས་སུ་སྔོན་ལ《ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་དོ་དམ་བཀོལ་སྤྱོད་ཕྱོགས་སྟོན》བཟོས་ནས་ཁྱབ་གདལ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཏུང་འཕྲོག་བརླག་གཏོང་བར་བཀག་འགོག་གི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ཏེ་བཟའ་བཏུང་འཕྲོག་བརླག་བཀག་འགོག་གི“དམར་ནག་མིང་ཐོ”དུས་ཐེངས་15ཁྱབ་བསྒྲགས་བྱས་ཡོད། བཟའ་བཅའི་དཔེ་འཐེན་ཞིབ་དཔྱད་ལ་ཤུགས་སྣོན་བརྒྱབ་ནས་ཚད་གཞི་ལོན་ཚད་99.8%ཟིན་ཡོད། མྱུར་བཤེར་ས་ཚིགས་10ཡིས་རིན་པ་སྤྲོད་མི་དགོས་པར་སྔོ་ཚལ་དང་ཤ་རིགས་སོགས་ཐེངས་ཁྲི་3ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པས་ཚད་གཞི་ལོན་ཚད་99%ཡན་ཟིན་ཡོད། ཞིང་ལས་ཉོ་ཚོང་ཁྲོམ་རའི“དམར་ནག་མིང་ཐོ”དཔྱད་བསྡུར་གཏན་འབེབས་དང་ཁྱབ་བསྒྲགས། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་290ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར། གནད་དོན་255དག་ཐེར་བཅས་བྱས་པར་བརྟེན་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་གཞི་རྩའི་ཆ་ནས་ཚད་ལྡན་བཅོས་སྐྱོང་གི་བླང་བྱ་དང་མཐུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།