དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་རྒྱ་ཆེར་བཏང་ནས་གཙོ་གནད་མི་ཚོགས་ལ་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-03

    འདི་ལོ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྲོམ་ར་ཅན་གྱི་ལས་ཞུགས་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་ལས་ཞུགས་འདུ་ཤེས་འགྱུར་བར་རྒྱུན་མཐུད་ཁྲིད་སྟོན་བྱེད་པ་དང་། ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་ཞིང་འབྲོག་པ་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་བསྒྲུབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཁྱོན་3532འཚོལ་སྡུད་བྱས་ཤིང་། མིག་སྔའི་བར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་ཁྱོན་སྒོར་ཁྲི་5268.82དོན་འཁྱོལ་བྱས་པ་དེས་མི་ཐེངས་2552ལ་ཕན་པ་ཐོབ་ཡོད། ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མིག་སྔའི་བར་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་4749བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་2461གསར་དུ་ལས་ཞུགས་ཐུབ་ནས་ཞིང་འབྲོག་པ་ཁྲི་3.48ལས་ཞུགས་གཞན་སྒྱུར་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་4.02བྱུང་ཡོད། རྣམ་གྲངས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ཡོངས་སུ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་400མན་བཏང་བའི་རྣམ་གྲངས་45ལས་འགོ་བསྐྱར་ཚུགས་བྱས་པ་དང་ཁྱོན་ལས་མི་1715སྤྱད་པའི་ནང་ས་གནས་དེ་གའི་ཞིང་འབྲོག་པ་1492བསྡུས་ཡོད་པ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་མི་གྲངས་ཀྱིས་བསྡུས་པའི་མི་གྲངས་བསྡོམས་འབོར་གྱི་87%བཟུང་ཡོད་པ། ཞིང་འབྲོག་པའི་ངལ་ལས་ཡོང་འབབ་སྒོར་ཁྲི་378.21ཟིན་ཡོད། ལས་ཞུགས་ལས་བསྡུ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་མིག་སྔའི་བར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ལས་བསྡུའི་འདུ་ཚོགས་ཐེངས་29གཉེར་བ་དང་། ཁྱོན་ཁེ་ལས་1587གྱིས་ལས་གནས་5643མཁོ་འདོན་བྱས་ནས་མི་777བསྡུས་ཡོད་པས། རིམ་རྩིས་བྱས་ན་ལས་མི་སྤྱོད་མཁན་ཚན་པར“ཐུན་མོང་གཉིས”ཀྱི་ཡར་ཐོན་རུ་མི་60མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།