དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་2024ལོའི་དུས་ཚིགས་གཉིས་པའི“ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-02

    ཟླ་7ཚེས་30ཉིན། 2024ལོའི་དུས་ཚིགས་གཉིས་པའི“ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཧྲན་ཤིས་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་དུ་གཉེར་བ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་མོལ། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད། གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། གཞུང་དྲང་དང་ཁ་གདན་ཚིག་གནས། ལས་བཀུར་སྐྱེས་འབུལ། རྒན་པར་སྲི་ཞུ་དང་གཉེན་ལ་གཅེས་སྐྱོང་བཅས་བྱེད་མཁན་གྱི་ཉེ་འགྲམ་གྱི་མི་བཟང་153(ཚོགས་ཆུང)གཟི་བརྗིད་མིང་ཐོར་ཚུད་པ་རེད།

    མིང་ཐོར་ཚུད་པའི་མི་བཟང་ནང་། དཀའ་ངལ་ཡོད་པའི་སློབ་མར་སྒོར་ཁྲི་བརྒྱ་ཞལ་འདེབས་རྒྱག་མཁན་དགེ་རྒན་ཆེ་མོ་བ་ལི་ཨན་ཁྲང་དང་ཚའོ་དབྱིན་ལུའོ་བཟའ་ཚོ་དང་། འབྲུབ་འགོག་སྐོར་ཞིབ་བྱེད་སྐབས་མི་སྐྱོབ་ཆེད་ཆུར་ལྷུངས་ནས་སྐུ་གཤེགས་པའི་ཤང་གྲོང་ལས་བྱེད་པ་ཀྲུའུ་རུའུ་ཤིན། ལོ་19རིང་ཚོར་ཉམས་ཀྱི་ལས་རོགས་དང་དེའི་ནང་མིར་ལྟ་རྟོག་བྱེད་མཁན་འཁོར་ཁང་གི་བཟོ་པ་ཀྲའོ་ཆོན་ཞི། མི་ངན་དང་འཛིངས་ནས་སྐུ་གཤེགས་པའི་ལོ་27ལ་སླེབས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཝུའུ་ལིན། ལོ་ངོ་40ཡི་རིང་གྲིབ་སྐྱོན་ཕོག་པའི་གཉེན་ཉེར་ལྟ་རྟོག་བྱེད་མཁན་གྲོང་གསེབ་ཀྱི་བུད་མེད་ཧོ་མིང་ལན་བཅས་ཡོད། ཁོང་ཚོ་ནི་མི་བཟང་ཁྲི་སྟོང་མང་པོའི་མཚོན་བྱེད་ཅིག་ཡིན་ལ། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱིར་བཏང་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་སྤྱོད་བཟང་མངོན་པར་བྱས་ཡོད།

    བྱེད་སྒོ་ཐད་གཏོང་བྱ་ཡུལ་དུ“ཀྲུང་གོའི་མི་བཟང”མིང་ཐོར་ཚུད་མཁན་འཐུས་མི་ཚོས་རང་ཉིད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་དུས་རབས་གསར་པའི་གཞོན་ནུ་བཟང་པོ་དང་སྤེལ་རེས་བྱས་ནས་ཁོང་ཚོས་སྤྱིར་བཏང་བརྟན་སྲུང་དང་རང་དཔེ་གཞན་འདོན་བྱས་ཏེ་བདེན་ལེགས་མཛེས་གསུམ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པར་ཕུལ་བའི་ལེགས་སྐྱེས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།