དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་2.38སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-02

    ཚེས་30ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་མུ་མཐུད་སྒྲིག་འཛུགས་ཀྱིས་མཉམ་དུ་གྲོས་མོལ་བྱས་ཏེ་ཁྲུང་ཆིང་དང་། ཅི་ལིན། ལེའོ་ཉིང་། ཧུའུ་ནན་སོགས་ཞིང་ཆེན་11ལ་བརྙན་ལམ་བཀོད་གཏོང་གིས་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    གནམ་གཤིས་ཀྱི་སྔོན་དཔག་ལ་གཞིགས་ན། མ་འོངས་ཉིན་གསུམ་ནང་ཧྭ་པེ་དང་བྱང་ཤར་ས་ཁུལ་དང་དེ་བཞིན་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཡུན་ནན། ཁྲུང་ཆིང་། ཧྲའན་ཤིས། ཧྲན་ཤིས་སོགས་ས་ཁུལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། གྲོས་མོལ་ཐོག་ཆར་པ་དང་འབྲུབ་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ནས་དུས་ཐོག་ཏུ་དམིགས་སའི་རང་བཞིན་གྱི་བཀོད་སྒྲིག་བྱེད་དགོས་པ་དང་། མུ་མཐུད་ནུས་ཤུགས་ཡོད་རྒུས་མི་སྣ་གནས་སྤོ་དང་བདེ་འཇགས་དོ་དམ་ཡག་པོ་བྱས་ཏེ་གེགས་འགོག་དང་ཉེན་གཡོལ་མྱུར་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དམིགས་ཏེ། ཉེ་ཆར། ནོར་སྲིད་པུས་ཞིང་ལས་དང་གྲོང་གསེབ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་2.38གཤམ་སྤྲོད་བྱས་ཏེ་ཧོ་ནན་དང་། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས་སོགས་གེགས་ཁུལ་དུ་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།