དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་གིས་ཚད་བརྒལ་རང་བཞིན་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཆེན་པོ་བཅུ་ཐོག་མར་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-02

    གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཁྲུང་ཆིང་གི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་གནད་འཁེལ་དཔྱད་འདེམས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཉེ་ཆར་ཚད་བརྒལ་རང་བཞིན་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཆེན་པོ་བཅུ་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། ན་ནིང་ཟླ་8པ་ཚུན་ཁྲུང་ཆིང་གིས་ཞིང་ལས་སྐྱེ་དངོས་སྣ་ཁ་28ལ་དམིགས་ནས་སྤུས་ལེགས་ཐོན་ཁུངས་2007དཔྱད་འདེམས་བྱས་པ་རེད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་ཚད་བརྒལ་རང་བཞིན་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཆེན་པོ་བཅུའི་ནང་ཆུ་འབྲས་དང་། པད་ཁ། མ་རྨོས་ལོ་ཏོག རྒྱ་སྲན། སྐེ་ཚོད། ཧོང་ཀྭ ཆེ་ཙེ། ལེ་མོང་། ཤིང་ཏོག་ཞུ་མཁན། སྲིན་ཤིང་བཅས་ཚུད་ཡོད་ཅིང་། འདེབས་འཛུགས་ལས་རིགས་གསར་གཏོད་ལ་སྐུལ་འདེད་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།