དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིའི་ཚོང་ལས་མི་སྣས་ཀྲུང་ཨའི་མཉམ་ལས་ཀྱི་ཚོང་ལས་གོ་སྐབས་དེ་བས་མང་པོ་ཐོབ་པའི་རེ་སྒུག་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-02

    འདི་ནི་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ། ཨ་རིའི་རྒྱལ་སྤྱིའི་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་དབུ་བཞུགས་ལས་གཉེར་དཔོན་ཏའེ་ཁེ་ལན·ཏཱ་ལི་ཡིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་གླེང་སྟེགས་ཐོག་ཤིས་ཚིག་བརྗོད་པའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཉིའུ་གཡོད་གྲོང་ཁྱེར་དུ་འཚོགས་པར་ཀྲུང་ཨའི་ཁེ་ལས་དང་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་300ལྷག་ཙམ་ཞུགས་ཡོད་པ་དང་། ཨ་རིའི་ཚོང་དོན་ལས་རིགས་ཀྱི་མི་སྣས་ལས་སྟེགས་འདིར་བརྟེན་ནས་མཉམ་ལས་ཀྱི་གོ་སྐབས་ཐད་དཔྱད་བསྡུར་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཨ་རིའི་གློག་རྡུལ་ཚོང་དོན་ཁེ་ལས་Packableཀུང་སིའི་ཐུན་མོང་སྲོལ་གཏོད་པ་དང་ཐུན་མོང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཆའོ་ནཱ་སེན·ཝུའེ་པུའུ་ཡིས་གླེང་སྟེགས་ཚོགས་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། པར་ལེན་དབྱུག་པ་ནས་མཛེས་བཟོའི་སྤྱོད་ཆས་དང་། ཁབ་ཤུགས་རིས་སྒྲིག་ནས་གློག་སྒུལ་རླངས་འཁོར་གྱི་གློག་སྡོང་སོགས་ང་ཚོའི་ཁེ་ལས་ཀྱིས་དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་ཚོང་ཟོག་90%ཚང་མ་ཀྲུང་གོ་ནས་ཡིན། ཀྲུང་གོར་ལག་རྩལ་གསར་གཏོད་མང་པོ་ཡོད་པས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ལ་བརྟེན་ནས་ཀྲུང་གོའི་གློག་རྡུལ་ཚོང་དོན་ལས་སྟེགས་དང་འབྲེལ་གཏུག་བྱས་ཏེ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་པོ་ཐོབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ལུའོ་པོ་ཐེ·ཅཱ་ལན་ནི་བྱང་ཁཱ་ལུའོ་ལའེ་ནཱ་ཀྲོའུ་ནས་ཡོང་བའི་དབྱིན་ཏི་ཨན་གྱི་ཚོང་པ་ཞིག་ཡིན་པ་དང་ཀྲུང་གོའི་ཞ་མོན་དུ་འཚོ་བ་སྐྱེལ་མྱོང་ཡོད། ཅཱ་ལན་གྱིས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ལ་འགོག་རྐྱེན་འཕྲད་པས་ཨ་རིའི་དབྱིན་ཏི་ཨན་བའི་སྡེ་ཁུལ་གྱི་འཚོ་བའི་མ་གནས་ཅུང་མཐོ་རུ་ཕྱིན་རྐྱེན་ཀྲུང་གོའི་མཁོ་སྤྲོད་ཚོང་པ་དང་མཉམ་ལས་དེ་བས་མང་པོ་བྱེད་དགོས་ཞེས་བརྗོད། ཅཱ་ལན་གྱིས་གླེང་སྟེགས་བྱེད་སྒོ་བརྒྱུད་ཨ་རི་བས་ཀྲུང་གོའི་ལག་རྩལ་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་སྔར་བས་ཡག་པོ་ཐུབ་པ་མ་ཟད། ད་དུང་དེའི་ཁྲོད་ནས་ཚོང་ལས་ཀྱི་མངོན་མེད་གོ་སྐབས་མང་པོ་ཡང་མཐོང་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།