རྒྱལ་ཁབ་ཀྱིས་ལོ་70ཡི་རིང་མ་དངུལ་སྒོར་དུང་ཕྱུར་3000ལྷག་ཙམ་བཏང་ནས་བོད་ལྗོངས་ཀྱི་གཞུང་ལམ་བསྐྲུན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 1953ལོ་ནས་2023ལོ་བར། རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3250.96བཏང་ནས་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་བྱས་ཡོད་པ་རེད། མིག་སྔའི་བར། བོད་ལྗོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་12.33ཟིན་ནས་ཤང་དང་གྲོང་རྡལ་666དང་སྲིད་འཛིན་གྲོང་ཚོ་4596ལ་མཁྲེགས་ལམ་ཤར་གཏོང་ཐུབ་ཡོད་པ་རེད།
ལོ་བཅུའི་རིང་། བོད་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་5805བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་5.87གསར་སྐྲུན་རྒྱས་སྐྲུན་བྱས་པ་རེད། 2023ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.3ཟིན་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་100% ཟིན་ནས་ཤར་གཏོང་ཐུབ་ཚད་ཁག་སོ་སོར་95.55%དང་82.6%ཟིན་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་ཁག་སོ་སོར་91.43%དང་71.55%ཟིན་ཡོད་པ་རེད།