དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། ཉ་ཆུའི་བརྩེ་སེམས་མཉམ་དུ་གླེང་།
རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོ་བོད་སྡོད་དཔུང་སྡེ་ཞིག་ཏུ་བསྐྱོད་དེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུའི“དྲུག་སྤེལ”དང་དཔུང་སྡེར་ལུས་རྩལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ“རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ལ་རང་ཉིད་ཞུགས་པའི”དམག་དཔུང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། གཞོན་ནུ་ལོ་ཆུང་སློབ་མ་སྒྲིག་འཛུགས་ཀྱིས་བར་ཐག་ཉེ་པོས་དམག་སྒར་གྱི་ཉམས་འགྱུར་མྱོང་རོལ་བྱེད་དུ་བཅུག་ནས་ཁོང་ཚོའི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་འཕེལ་བར་བྱས་པ་རེད། འདི་ནི་སློབ་མ་ཚོས་དཔོན་དམག་གི་ཉལ་ཁང་ལ་ལྟ་སྐོར་བྱེད་བཞིན་པ།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་97འཁོར་བའི་མཚམས་སུ། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
ཟླ་7ཚེས་30ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི“ཚན་ཁག་ཆེན་པོ་བཞིའི”འགོ་ཁྲིད་སྔ་རྗེས་སུ་རྫོང་དྲག་ཆས་ཉེན་རྟོག་རུ་འབྲིང་དང་སྐལ་བཟང་དམག་ཚུགས་སོགས་སུ་བསྐྱོད་དེ་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས་པ་དང་། དཔོན་དམག་གི་ལས་ཀ་དང་འཚོ་བ་དང་དཔུང་སྡེ་འཛུགས་སྐྱོང་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། དཔུང་སྡེའི་དཔོན་དམག་གིས་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། དེ་ཉིན་ཕྱི་དྲོར། ད་དུང་མལ་གྲོ་གུང་དཀར་རྫོང་གིས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།
བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གིས་གོང་དཀར་རྫོང་མི་དམངས་སྲིད་གཞུང་དང་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་མཉམ་དུ“ཉ་ཆུའི་བརྩེ་སེམས་ཟབ་མོ་མཉམ་དུ་གླེང་། དམག་དཔུང་སྟོབས་ཆེའི་ཕུགས་འདུན་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་འབྲེལ། དཔོན་དམག་གི་ནང་མི་དམག་སྒར་དུ་གདན་དྲངས་ནས་བར་ཐག་ཉེ་པོས་དཔོན་དམག་ཚོ་དང་མཉམ་འགུལ་སྤེལ་རེས་བྱས་ཏེ་ཁོང་ཚོའི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། མཉམ་འགུལ་སྤེལ་རེས་ཚར་རྗེས་དཔུང་སྡེ་དེས་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་། དཔུང་སྡེའི་འགོ་ཁྲིད་ཀྱིས་དམག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་བྱས་པ་དང་ཆབས་ཅིག་གོ་རྟགས་འཕར་བའི་དམག་དཔོན་ལ་དམག་བཀའ་འཁུར་ལེན་ཞུ་ཡིག་སྤྲད་པ་རེད།