འབྲོག་པའི་འཚོ་བ་བདེ་སྐྱིད་ལྡན་པ།
འདི་ནི་ཆོས་ལུང་གྲོང་ཚོའི་གྲོང་མིས་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་ཆོས་ལུང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་2024ལོའི་དུས་ཚིགས་དང་པོའི“གྲོང་ཚོ་རེར་མཉམ་ལས་ཁང་རེའི”ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ཏེ། མཉམ་ལས་ཁང་གི་འོ་མ་བཙོངས་པའི་ཡོང་འབབ་སྒོར་ཁྲི་13ལྷག་ཙམ་བགོས་པ་རེད།
སྨི་ཏི་ཁ་ཤང་ཆོས་ལུང་གྲོང་ཚོའི་མཉམ་ལས་ཁང་2018ལོར་བཙུགས་པ་དང་། མིག་སྔར་ཕྱུགས་རིགས་མགོ་གྲངས་252ཡོད་པས་དུད་ཚང་29ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།