དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས“དམག་དཔུང་སྟོབས་ཆེན་དང་དྲག་རྩལ་བྱང་ཆུབ་པའི་དམར་དམག་བརྒྱ་ཤོག་བཞི་པའི”དཔོན་དམག་ཡོངས་ལ་སྐུལ་ལྕག་གནང་དོན།

    རྩལ་ལྡན་ནུས་ཆེ་དང་འཐབ་ཕོད་རྒྱལ་ངེས་ཀྱི་ཕུལ་བྱུང་བརྒྱ་ཤོག་འཛུགས་སྐྱོང་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“དམག་དཔུང་སྟོབས་ཆེན་དང་དྲག་རྩལ་བྱང་ཆུབ་པའི་དམར་དམག་བརྒྱ་ཤོག་བཞི་པའི”དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་སྦྲགས། བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། 2014ལོར་ང་རང་ཆེད་མངགས་བརྒྱ་ཤོག་ལ་ལྟ་ཞིབ་བྱེད་པར་བསྐྱོད་པ་ཡིན། ལོ་10ཡི་རིང་། ཁྱེད་ཚོས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཐོག་སེམས་ཐག་རྦད་བཅད་ཀྱིས་དམག་དཔུང་སྟོབས་ཆེན་དང་དྲག་རྩལ་བྱང་ཆུབ་པར་བྱས་ནས་ཕྱོགས་སྒྱུར་གོང་འཕེལ་མངོན་འགྱུར་བདེ་བླག་བྱས་པ་མ་ཟད། ད་དུང་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་པ་དང་གྲུབ་འབྲས་གསར་པ་ཡང་མི་ཉུང་བ་ཞིག་ཐོབ་འདུག་པས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོ་ནི་དམག་གྲབས་དམག་རྒྱག་གི་འཐབ་ས་དང་པོར་ཡོད་པས་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དེར་བརྟེན། ཁྱེད་ཚོས་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློར་བརྟེན་ནས་བརྒྱ་ཤོག་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་དང་། འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། རྩལ་ལྡན་ནུས་ཆེ་དང་འཐབ་ཕོད་རྒྱལ་ངེས་ཀྱི་ཕུལ་བྱུང་བརྒྱ་ཤོག་འཛུགས་སྐྱོང་ཧུར་ཐག་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གྲུབ་འབྲས་བཟང་པོ་བསྐྱར་དུ་གཏོད་པ་དང་བྱས་རྗེས་གསར་པ་བསྐྱར་དུ་འཇོག་པའི་རེ་བ་ཡོད་ཅེས་གསུངས་པ་རེད། “དམག་དཔུང་སྟོབས་ཆེན་དང་དྲག་རྩལ་བྱང་ཆུབ་པའི་དམར་དམག་བརྒྱ་ཤོག་བཞི་པ”ནི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་ཞིང་བྱས་རྗེས་གཟེངས་སུ་ཐོན་པའི་དམར་དམག་གི་བརྒྱ་ཤོག་ཅིག་ཡིན་ལ། སྔ་རྗེས་སུ་ཧོང་མཱ་འོས་ལངས་དང་། དབྱང་མིང་མཁར་རྫོང་གི་མཚན་རྒོལ་དམག་འཐབ། མེང་ལེང་ཀུའུ་གཡུལ་འགྱེད། ཁྲང་ཅིན་མཚེའུ་ཡི་གཡུལ་འགྱེད་སོགས་གཡུལ་འགྱེད་ཐེངས་100ལྷག་ཙམ་ལ་ཞུགས་ནས་དཔའ་བོ་དཔེ་བཟང་ཁག་གཅིག་ཐོན་ཡོད། 2014ལོའི་ཟླ་7པར། ཞི་ཅིན་ཕིང་བརྒྱ་ཤོག་དེར་ཕེབས་ནས་གཟིགས་ཞིབ་གནང་བ་དང་སྦྲགས། དཔོན་དམག་ཚོར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་རེད། ལོ་བཅུའི་རིང་། བརྒྱ་ཤོག་དེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། ཕྱོགས་སྒྱུར་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ། དྲག་རྩལ་བྱང་ཆུབ་ཀྱི་དཔེ་དམག་བརྩོན་ལེན་བཅས་བྱས་ནས་ནང་སྦྱོང་དང་སྦྱོང་བརྡར་གལ་ཆེན་རབ་དང་རིམ་པའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཏེ། མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་ཐོབ་པར་ཀྲུང་དབྱང་དམག་ཨུད་ཀྱིས“དམག་དཔུང་སྟོབས་ཆེན་དང་དྲག་རྩལ་བྱང་ཆུབ་པའི་དམར་དམག་བརྒྱ་ཤོག་བཞི་པའི”གཟི་བརྗིད་མཚན་སྙན་གནང་བ་མ་ཟད། བརྒྱ་ཤོག་དེའི་ཏང་ཀྲི་པུའུ་ལ་ཀྲུང་གུང་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟེངས་བསྟོད་གནང་བ་རེད། ཉེ་ཆར། བརྒྱ་ཤོག་དེ་ཡོངས་ཀྱི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་བརྒྱ་ཤོག་འཛུགས་སྐྱོང་དང་ལས་དོན་གནས་ཚུལ་སྐོར་སྙན་སེང་ཞུས་ཏེ། སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པའི་དད་སེམས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།