དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གུད་སྐྱོབ་དངོས་ཟོག་ཁྲི་11ཛ་དྲག་ངང་གཏོང་སྤྲོད་བྱས་ནས།

    མིག་སྔར་དྲག་ཆར་ཆུ་ལོག་བྱུང་བའི་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    ཟླ་7ཚེས་29ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་དུ་གྲོས་མོལ་བྱས་ཤིང་། ཧུའུ་ནན་དང་། ལེའོ་ཉིང་། ཅི་ལིན། ཡུན་ནན་སོགས་ཞིང་ཆེན་9ལ་བརྙན་ལམ་བཀོད་གཏོང་བྱས་ནས་མིག་སྔའི་ཆར་ཞོད་དང་། འབྲུབ་ཆུ། གནོད་སྐྱོན་བཅས་བྱུང་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་ཆབས་ཅིག གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་གུད་སྐྱོབ་ལས་དོན་ལ་བཀོད་སྒྲིག་སྔར་བས་ཡག་པོ་བྱས་པ་རེད།

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧུའུ་ནན་དང་། ལེའོ་ཉིང་། ཅི་ལིན་བཅས་ལ་དམིགས་པའི་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་དང་། དེ་བཞིན་ཅང་ཤིས་དང་། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། ཡུན་ནན། ཀུའེ་ཀྲོའུ་བཅས་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་ཧོ་ནན་དང་། ཧུའུ་ནན། སི་ཁྲོན་བཅས་ལ་དམིགས་པའི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་གུད་སྐྱོབ་འཕྲལ་སྡོམ་དང་ལེན་དང་། དེ་བཞིན་ཧྥུའུ་ཅན་དང་ཧྲའན་ཤིས་ལ་དམིགས་པའི་རྒྱལ་ཁབ་རིམ་པ་བཞི་པའི་གུད་སྐྱོབ་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་པ། འཕྲལ་སྡོམ་དོ་དམ་པུས་ཧུའུ་ནན་ལ་དམིགས་པའི་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེ་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་པ་མ་ཟད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་མཉམ་དུ་དབྱི་ལུང་མི་མེད་གནམ་གྲུ་བཏང་ནས་ཧུའུ་ནན་གྱི་ཙེ་ཤིང་གེགས་ཁུལ་དུ་འཕྲལ་སྡོམ་འཕྲིན་གཏོང་དང་གནོད་འཚེ་བྱུང་ཚུལ་གྱི་མྱུལ་ཞིབ་ལས་འགན་བསྒྲུབས་པ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ལེའོ་ཉིང་ལ་ལྕགས་སྐུད་དྲ་ཕད་དང་ལྟེབ་རྩེག་རྣམ་པའི་ལྕགས་དྲའི་སྒམ་སོགས་རིན་ཐང་སྒོར་ཁྲི་441རི་བའི་ཀྲུང་དབྱང་གི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་དངོས་ཟོག་གཏོང་སྤྲོད་བྱས་ཏེ། ས་གནས་ཁག་གིས་ཆུ་ལོག་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།

    ཚེས་29ཉིན། ལེའོ་ཉིང་དང་། ཅི་ལིན། ཧུའུ་ནན། ཧྲའན་ཤིས་བཅས་ཞིང་ཆེན་བཞིའི་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་གུད་སྐྱོབ་བཅས་ཀྱི་ལས་དོན་གྱི་དགོས་མཁོ་ལྟར། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ལྟེབ་རྩེག་ཉལ་ཁྲི་དང་། ཉལ་གདན། ཀམ་པ་ལི། ཁྱིམ་སྤྱོད་འཕྲལ་མཁོའི་ཁུག་མ་སོགས་ཀྲུང་དབྱང་གི་གུད་སྐྱོབ་དངོས་ཟོག་ཁྲི་11ཛ་དྲག་ངང་གཏོང་སྤྲོད་བྱས་ནས། ཞིང་ཆེན་བཞིའི་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་དང་ཁོང་ཚོའི་རྨང་གཞིའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་སྒོར་དུང་ཕྱུར་5ཛ་དྲག་ངང་བཏང་ནས་ཧུའུ་ནན་དང་། ཧོ་ནན། སི་ཁྲོན། ཧྲའན་ཤིས་བཅས་ཀྱི་དྲག་ཆར་ཞོད་སྐྱོན་དང་ཧྥུའུ་ཅན་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་བྱུང་རྗེས་འཕྲལ་སྡོམ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། མ་དངུལ་དེ་དག་གནོད་འཚེ་ཕོག་པའི་ཆུ་བེད་ཆུ་ལོག་སྔོན་འགོག་དང་། སློབ་གྲྭ་དང་སྨན་ཁང་སོགས་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཕྲལ་སྡོམ་སླར་གསོ་འཛུགས་སྐྲུན་བྱེད་པའི་ཐད་གཙོ་གནད་ཐོག་སྤྱད་དེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།