དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོའི་ལོ་སྟོད་དུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་2003ལ་ཆད་པ་བཅད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    ཚེས་29ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2024ལོའི་ལོ་སྟོད་དུ་སྒྲིག་ཨུད་ལྟ་ཞིབ་ལས་བྱེད་པར་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། བརྡ་ཁྱབ་ནང་མངོན་གསལ། 2024ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གྱོད་ཐོ་ཁག་1569བཀོད་པ་དང་མི་2003ལ་ཆད་པ་བཅད་པ་རེད།

    བརྡ་ཁྱབ་ནང་མངོན་གསལ། 2024ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བའི་ཁུངས་སྣེའམ་ཡང་ན་གསལ་ཞུ་ཐེངས་ཁྲི་1.38ལྷག་ཙམ་དང་ལེན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བའི་ཁུངས་སྣེ་ཁྲི་1.24ལྷག་ཙམ་ཐག་གཅོད་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གླེང་མོལ་དང་འཕྲིན་བསྐུར་འདྲི་རྩད་ཐེངས་4312ལྷག་ཙམ་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་གྱོད་ཐོ་ཁག་1569བཀོད་པ། མི་2003ལ་ཆད་པ་བཅད་པ། མི་268ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ཡོད། དེའི་ནང་ཐིང་དང་ཅུས་རིམ་པའི་ལས་བྱེད་པ་95དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་560ལྷག་ཙམ་ལ་ཆད་པ་བཅད་པ་རེད།

    བརྡ་ཁྱབ་གཞིར་བཟུང་། 2024ལོའི་ལོ་སྟོད་དུ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་དེ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་ཁྲི་1.04ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་ཤིང་། དེའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་8377ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་1515ཐག་གཅོད་བྱས་པ། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་296ཐག་གཅོད་བྱས་པ། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་293ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།