དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་དྲུག་པའི་བར་གྱི་རོལ་རྩེད་ཁྲོམ་རའི་ཡོང་འབབ་སྒོར་དུང་ཕྱུར་1400ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    ཉེ་ཆར། གསར་འགོད་པས་ཧྲང་ཧའེ་རུ་འཚོགས་པའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་རོལ་རྩེད་ཐོན་ལས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། རྒྱལ་ནང་གི་རོལ་རྩེད་ཁྲོམ་རའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་1472.67ཟིན་པ་དེ་དུས་མཚུངས་ལས་2.08%འཕར་བ་དང་། རོལ་རྩེད་སྤྱོད་དུད་དུང་ཕྱུར་6.74ཟིན་པ་དེ་དུས་མཚུངས་ལས་0.88%འཕར་ནས་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་རེད།

    ཚོགས་ཆེན་ཐོག་ཁྱབ་བསྒྲགས་བྱས་པའི《2024ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་གྱི་ཀྲུང་གོའི་རོལ་རྩེད་ཐོན་ལས་ཀྱི་སྙན་ཞུར》གཞིཌ་ན། གྲལ་མགོའི་ཐོན་རྫས་ཁག་གཅིག་གི་ཡོང་འབབ་ཆག་སྟབས། ཟླ་བ་དང་པོ་ནས་དྲུག་པའི་བར། རང་རྒྱལ་གྱི་རང་རྟེན་ཞིབ་སྤེལ་རོལ་རྩེད་ཀྱི་རྒྱལ་ནང་ཁྲོམ་རའི་དངོས་ཚོང་ཡོང་འབབ་སྒོར་དུང་ཕྱུར་1177.36ཟིན་པ་དེ་དུས་མཚུངས་ལས་3.32%ཉུང་དུ་ཕྱིན་ཡོད་པ་རེད། ཡིན་ན་ཡང་ཐོན་རྫས་གསར་པ་ཁག་གཅིག་ལ་དགའ་བསུ་ཐོབ་པར་བརྟེན། ཟླ་བ་དང་པོ་ནས་དྲུག་པའི་བར་རང་རྟེན་ཞིབ་སྤེལ་རོལ་རྩེད་ཀྱི་ཕྱི་རྒྱལ་ཁྲོམ་རའི་དངོས་ཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་85.54ཟིན་པ་དེ་དུས་མཚུངས་ལས་4.24%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།