དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་འགག་སྒོ་ནས་འདི་ལོའི་ལོ་འཁོར་དུ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་སྟོང་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ཡོང་བར་སྟབས་བདེ་བསྐྲུན་པའི་སྲིད་ཇུས་རབ་དང་རིམ་པ་བསྟུད་མར་བཏོན་པ་དང་དེ་བཞིན་དབྱར་གསེང་སྐྱེལ་འདྲེན་སླེབས་པ་དང་བསྟུན་ནས་པེ་ཅིང་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་གྱི་འགྲུལ་རྒྱུན་མངོན་གསལ་དོད་པོས་འཕར་ཡོད། པེ་ཅིང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་7ཚེས་29ཉིན་གྱི་ཆུ་ཚོད་15དང་སྐར་མ་30བར་པེ་ཅིང་འགག་སྒོ་ནས་འདི་ལོའི་ལོ་འཁོར་དུ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་གྱི་བསྡོམས་འབོར་མི་ཐེངས་ཁྲི་1000ལས་བརྒལ་བ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་2.5ཡིན་པ་དང་། ན་ནིང་ལོ་ཧྲིལ་པོའི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་གྱི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད། དེའི་ནང་རང་རྒྱལ་དུ་ཡོང་མཁན་གྱི་ཕྱི་རྒྱལ་བ་མི་ཐེངས་ཁྲི་120.3ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་210%འཕར་ཡོད། ཟླ་7པར་ཉིན་རེར་ཆ་སྙོམས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་6ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་1.6ཟིན་

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།