དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་གོས་རེ་ཞུ་བྱས་པའི“པེ་ཅིང་གི་དཀྱིལ་ཐིག—ཀྲུང་གོའི་ཕུགས་བསམ་གྲོང་ཁྱེར་སྒྲིག་སྲོལ་གྱི་བརྩམས་ཆོས་ཕུལ་བྱུང”སོགས་རྣམ་གྲངས་གསུམ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པའི་ཐད། ཚེས་29ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

    “ང་ཚོས‘པེ་ཅིང་གི་དཀྱིལ་ཐིག—ཀྲུང་གོའི་ཕུགས་བསམ་གྲོང་ཁྱེར་སྒྲིག་སྲོལ་གྱི་བརྩམས་ཆོས་ཕུལ་བྱུང’དང་། ‘པ་ཏན་ཅི་ལིན་བྱེ་ཐང—བྱེ་རི་མཚོ་མཚེའུའི་ཁྱུ་ཚོགས’‘ཀྲུང་གོའི་ཧོང་ཧའེ(པོ་ཧའེ་་མཚོ)མཚོའི་དུས་བྱ་འཚོ་སྡོད་བྱ་ཡུལ(དུས་ཐེངས་གཉིས་པ)’བཅས་ཀྱི་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན”ད་ཕན་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གྲངས་འབོར་59ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད། དེའི་ནང་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁག་15དང་རིག་གནས་དང་རང་བྱུང་གཉིས་ཀྱི་ཤུལ་བཞག་ཁག་4ཚུད་ཅིང་། འཛམ་གླིང་རང་བྱུང་ཤུལ་བཞག་གི་སྤྱི་འབོར་མུ་མཐུད་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ལིན་ཅན་གྱིས་བརྗོད།

    ལིན་ཅན་གྱིས། འཛམ་གླིང་ཤུལ་བཞག་ནི་མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན་ལ། འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་མིའི་རིགས་ཐུན་མོང་གི་འགན་འཁྲི་ཡང་ཡིན། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ལག་བསྟར་ཧུར་ཐག་བྱས་ཏེ་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཉམ་སྤྱོད་དང་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།