དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས།

    ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་རིགས་ལ་ཕྱོགས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་རིགས་ལ་ཕྱོགས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་པ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཚོང་དོན་མཐུན་ཚོགས་དང་། ཁེ་ལས་ཀྱི་འཐུས་མི། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་དཔལ་འབྱོར་ཚོང་དོན་དཔོན་རིགས་ཁག་གཅིག་བཅས་མི་120ལྷག་ཙམ་ཞུགས་ཡོད།

    ཚོགས་ཞུགས་ཕྱི་ཕྱོགས་ཀྱི་འཐུས་མིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་འགན་འཁུར་བ་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་བྱས་ཚུལ་ནན་ཏན་ངང་ཉན་པ་དང་འབྲེལ་ཕན་ཚུན་སྤེལ་རེས་བྱས་ནས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་འཛམ་གླིང་ལ་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བརྡ་རྟགས་གསལ་པོ་བཏང་སྟེ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་ཀྲུང་གོ་དང་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།