དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་མ་དངུལ་སྒོར་དུང་ཕྱུར་1.43ཕྱིར་སློག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “འདི་ལོ་ཚུན་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ལས་ཤོར་འགན་བཅོལ་གྱིས་གཉེར་སྐྱོང་བྱེད་པོའི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་ཕྱོགས་བསྡུས་རྣམ་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ཐབས་མང་མཉམ་སྤྱོད་ཀྱིས་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད”ཟླ་7ཚེས་29ཉིན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཟླ་6པའི་ཟླ་མཇུག་བར་མཚོ་སྔོན་གྱིས་ཆ་རྐྱེན་དང་མཐུན་པའི་ཁེ་ལས་དུད་ཚང་ཁྲི་1.45ལ་ལས་གནས་བརྟན་གཏོང་ཕྱིར་སློག་གི་མ་དངུལ་སྒོར་དུང་ཕྱུར་1.43སྤྲད་པ་དང་། ལས་བཟོའི་ལས་གནས་ཁྲི་31.39བརྟན་དུ་བཏང་བ། ཁེ་ལས་དུད་ཚང་ཁྲི་3.5ལ་རིན་གཅོག་ཁུར་པོ་ཡང་གཏོང་སྒོར་དུང་ཕྱུར་ཁྲི་3.46བྱས་པ། རྩལ་ནུས་ཆེར་གཏོང་གི་ཁ་གསབ་སྒོར་ཁྲི་660སྤྲད་པ་བཅས་ལས་འགལ་བཅོལ་ནང་ཞུགས་པའི་ལས་བཟོ་དང་ལས་ཤོར་མི་སྣ་4236ལ་ཕན་པ་ཐོབ་ཡོད།

    ཁེ་ལས་ལ་ཕན་པའི་སྲིད་ཇུས་རྟོགས་དགོས་རིགས་རྟོགས་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ལས་ཤོར་འགན་བཅོལ་གྱི་དུས་མཚམས་རང་བཞིན་གྱི་འགྲོ་གྲོན་དམའ་རུ་གཏོང་བ་དང་། ལས་གནས་བརྟན་གཏོང་ཕྱིར་སློག རྩལ་ནུས་ཆེར་གཏོང་གི་ཁ་གསབ་བཅས་ཀྱི་སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་བྱས་ཡོད། ཞིང་ཆེན་དང་། གྲོང་ཁྱེར། ཀྲོའུ། རྫོང་དང་ཆུས་བཅས་རིམ་གསུམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་སུ་བསྐྱོད་ནས་གནས་གཏུགས་གནས་ཀྱི་དྲིལ་བསྒྲགས་དང་། ངོ་ཐུག་གདོང་འཕྲད་ཀྱིས་དོགས་གནད་སེལ་བ། སྲིད་ཇུས་ཀྱི་ནང་དོན་དང་། ཞུ་ལེན་གོ་རིམ། སྒྲུབ་གཉེར་ཐབས་ལམ། མ་དངུལ་གྱི་སྤྱོད་སྒོ་བཅས་འགྲེལ་བཤད་བརྒྱབ་སྟེ་སྲིད་ཇུས་ཤེས་རྟོགས་བྱེད་ཚད་ཆེ་རུ་བཏང་ཡོད། “གློད་སྡོམ་ཞབས”དང་ཞིབ་མཆན་ཞབས་ཞུའི་དམངས་ཕན་ཅན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་ཇུས་བཏོན་རྗེས་བསྡུ་ལེན་དང་འཇལ་སྤྲོད་ཀྱི་བསྡུར་ཚད་ཆ་འཕྲིན་འཕྲལ་མར་མ་ལག་ནང་བཅུག་ནས་ཁེ་ལས་ལ་འགྲོ་གྲོན་དམའ་རུ་གཏོང་བའི་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། ལས་གནས་བརྟན་གཏོང་ཕྱིར་སློག་ཐད“རེ་ཞུ་བྱེད་མི་དགོས་པར་འཕྲལ་མར་ལོངས་སྤྱོད་ཐུབ་པའི”སྒྲུབ་གཉེར་བྱེད་སྟངས་མུ་མཐུད་ཁྱབ་གདལ་བཏང་སྟེ།“གྲངས་གཞི་བསྡུར་བ་དང་། གནད་ལ་འཁེལ་བའི་ཚད་ལེན་ཞིབ་རྩིས། མ་ལག་ཞིབ་དཔྱད། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི་དང་དངུལ་ཁང་གིས་སྤྲོད་པ། དུས་ཐོག་ཏུ་རྩིས་ཁྲའི་ཐོག་འབྱོར་བ”བཅས་ཀྱི་བྱ་ཐབས་སྤྱད་ནས། ལས་གནས་བརྟན་གཏོང་ཕྱིར་སློག་མ་དངུལ་འབོར་ཆེན་ཁ་ཕྱོགས་གཏན་འཁེལ་གྱིས་ཐད་ཀར་སྤྲད་པས་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཀྱིས་རེ་ཞུ་བྱེད་མི་དགོས་པ་དང་ཁྱིམ་ནས་དོན་མི་དགོས་པར་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་ཡོད། ལས་ཤོར་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ཆེན་རིམ་པས་རེ་ཞུའི་མ་དངུལ་གཅིག་གྱུར་ཚད་ལེན་ཞིབ་རྩིས་བྱེད་པ་དང་། ཆ་འཕྲིན་མ་ལག་ལེགས་སུ་གཏོང་བ། གཤམ་སྤྲོད་གྲངས་གཞིར་དཔྱད་བསྡུར་བྱེད་པ། རིམ་བཞིའི་ཞིབ་དཔྱད་དང་ལས་ཀའི་ཉིན་ལྔའི་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་པས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་དང་གནད་ལ་འཁེལ་བའི་ངང་སྤྲོད་ཐུབ་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་དོན་བཀོད་གཏོང་བྱེད་པ་དང་། རིམ་ཁག་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་ངལ་ལས་མངགས་གཏོང་ཚན་པར་རང་འགུལ་ངང་རེ་ཞུ་བྱེད་པ་དང་འབྲེལ། གཏན་འབེབས་ལྟར་ལས་གནས་བརྟན་གཏོང་གི་མ་དངུལ་དུས་ཐོག་ཏུ་སྤྲོད་པ་དང་བེད་སྤྱོད་ལ་མཛུབ་ཁྲིད་བྱེད་པར་སྐུལ་འདེད་བཏང་ནས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་གཏོང་གི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།