དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱིས་གསར་གཏོད་ལ་བརྟེན་ནས་ཚྭ་མཚེའུ་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། ལག་རྩལ་འགག་སྒྲོལ་དང་། ལས་སྟེགས་འཛུགས་སྐྲུན། མཉམ་ལས་སྤེལ་རེས། ཤེས་ལྡན་པ་གསོ་སྐྱོང་བཅས་ཕྱོགས་བཞིའི་ཐད་ཤུགས་སྣོན་བརྒྱབ་པར་ཐོན་ལས་བཀོད་སྒྲིག་དང་། གསར་གཏོད་ལས་སྟེགས། ལག་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཚད་བརྒལ་བྱུང་ཡོད།

    ཟི་ལིང་གྲོང་ཁྱེར་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ“ཟླ་རེར་ས་ཆ་གཅིག”གི་བཀོད་གཏོང་དོན་ཚན་དུ་བརྩིས་ནས་ཚད་མཐོའི་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་གཙོ་གནད་དམིགས་ཚད་དང་། རྣམ་གྲངས་གལ་ཆེན། གཙོ་གནད་དོན་ཚན་བཅས་གསལ་ཐོ་གསུམ་བཟོས་ཡོད། ད་ཆ་ཟི་ལིང་གྲོང་ཁྱེར་གྱི་ཚྭ་མཚེའུ་ཐོན་ཁུངས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འཁོར་འབྲེལ་ཞིབ་འཇུག་ལེགས་གྲུབ་ཟིན་པ་དང་ཐོན་ལས་འཁོར་འབྲེལ་གྱི་དཔེ་རིས་དང་ཚོང་འགུགས་ས་བཀྲ་བཟོས་ཡོད། ལིས་དང་། མཱེ། ནཱ། ཚ་ལ། ཅཱ་བཅས་ཀྱི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་གཙོ་གནད་རྣམ་གྲངས་འཆར་འགོད་བྱས་ཡོད། ཁེ་ལས་69དང་འབྲེལ་མཐུད་གསལ་ཐོ་ཁག་8གསེད་བཀྲོལ་བྱས་ཏེ་ལིས་དང་། མཱེ། ཅཱ། ཚ་ལ་བཅས་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱེད་པའི་གཙོ་གནད་ཚོང་འགུགས་རྣམ་གྲངས་20ཡི་ད་ཡོད་གནས་ཚུལ་དབྱེ་ཞིབ་དང་མ་འཇོག་ཚོད་རྩིས་སོགས་དུས་འགོའི་ལས་དོན་ལེགས་སྒྲུབ་ཟིན་ཡོད།

    ཟི་ལིང་གྲོང་ཁྱེར་གྱིས་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཚྭ་མཚེའུ་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས་31སྒྲིག་འཛུགས་ལག་བསྟར་བྱས་པར་ཆེད་དོན་མ་དངུལ་སྒོར་ཁྲི་2230བྱུང་ཡོད། གྲོང་ཁྱེར་རིམ་པའི་གྲོན་དངུལ་སྒོར་ཁྲི་620བཀོད་སྒྲིག་བྱས་ནས་ཚྭ་མཚེའུ་ཁྱབ་ཁོངས་ཀྱི་རྩེར་སོན་མཱེ་ཡི་རྨང་གཞིའི་ནུས་པའི་རྒྱུ་ཆ་ལྗང་མདོག་རིག་ནུས་བཟོ་སྐྲུན་དང་ཆིང་གསོག་མཱེ་བསྲེས་ལྕགས་ཕྱེ་མ་བཟོ་བ་སོགས་གསར་གཏོད་ལས་སྟེགས་གལ་ཆེན་དང་ཚན་རྩལ་རྣམ་གྲངས་9ལ་རྒྱབ་སྐྱོར་བྱས་ཡོད། གསར་གཏོད་ཀྱི་ཐོན་ཁུངས་ལ་དམིགས་ནས་གསར་གཏོད་ཀྱི་ལས་སྟེགས་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ཟླ་དྲུག་པའི་ཟླ་མཇུག་བར་ཚྭ་མཚེའུ་ཐོན་ཁུངས་ལྗང་མདོག་དང་རིན་ཐང་མཐོ་པོས་སྤྱོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་དོ་དམ་སྒྲོམ་གཞི་དང་ལས་ཀའི་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་པ་དང་། ཚྭ་མཚེའུ་ཤེས་བྱའི་བདག་དབང་གཉེར་སྐྱོང་ལྟེ་གནས་དང་། ཚྭ་མཚེའུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན། མིས་བཟོས་རིག་ནུས་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་སྟེགས་བསྐྲུན་ནས་ཚན་རྩལ་གྱི་ལས་འགན་གལ་ཆེན་དང་ཞིབ་འཇུག་བྱ་གཞི་ཁག་70ལྷག་ཙམ་གྱི་འགན་འཁུར་ཡོད། “ལིས་ཐོན་ཁུངས་ནུས་ཆེ་བེད་སྤྱོད”དང“མཱེ་ཐོན་ཁུངས་རིན་ཐང་མཐོ་བའི་བེད་སྤྱོད”སོགས་ཞིབ་འཇུག་ཚོགས་པ་5བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།