དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གཞིས་རྩེས་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-01

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ས་གོ་ལའི་གླིང་སྣེ་གསུམ་པའི”སྤུས་རྟགས་འཛུགས་གཏོད་ལ་གཞི་ཚུགས་ཏེ། གཞིས་རྩེའི་ཞིང་ལས་ཁོངས་གཏོགས་ཀྱི་སྤྱི་པའི་སྤུས་རྟགས“བཀྲ་ཤིས་གཞིས་ཀ”འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས“ཁོངས་གཏོགས་ཀྱི་སྤྱི་པའི་སྤུས་རྟགས་དང་ཐོན་རྫས་སྤུས་རྟགས། ཁེ་ལས་ཀྱི་རང་བདག་སྤུས་རྟགས”བཅས་ཟུང་དུ་འབྲེལ་བའི་སྤུས་རྟགས་མ་ལག་རགས་ཙམ་བཏོད་ཡོད། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱིས་ལྗང་མདོག་ཐོན་རྫས་ཁག་36དང་། སྐྱེ་ལྡན་ཐོན་རྫས་ཁག་45 ས་ཁམས་ཀྱི་མཚོན་རྟགས་ཐོན་རྫས་ཁག་23བཅས་ལ་བདེན་དཔང་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་གིས་སྤུས་རྟགས་ཚོང་རྟགས་གཏོད་རྒྱུའི་རེ་ཞུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ“གམ་པའི་ལུག”དང་། “གྲོ་མོའི་ཉ” “གཞིས་རྩེའི་ནས་ཆང”སོགས་གྲགས་ཅན་སྤུས་རྟགས་དྲིལ་བསྒྲགས་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་སྤུས་རྟགས་འདུ་ཤེས་བཙུགས་ཡོད། སྐྱེ་ལྡན་བདེན་དཔང་ར་སྤྲོད་དཔེ་སྟོན་ཁུལ་ཧུར་ཐག་བཙུགས་ནས“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་སྤུས་ཚད་བདེན་དཔང་ལ་སྐུལ་འདེད་བཏང་ཡོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱིས“བཀྲ་ཤིས་གཞིས་ཀའི”ཞིང་ལས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྣེ་ཁྲིད་དུ་བྱས་པར་བརྟེན་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱེད་པ་དང་། མཉམ་ལས་ཁང་གིས་སྒྲིག་འཛུགས་གཉེར་སྐྱོང་བྱེད་པ། རྟེན་གཞིས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པ་བཅས་ཀྱི“སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་དང་རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཀྱི་རྣམ་པ་་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁྲོམ་ར་ཅན་དང་ཚོང་ཟོག་ཅན་གྱི་ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།