དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་དངུལ་རྩའི་ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ཁག་དང་པོ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-01

    ཉིན་ཤས་གོང་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭའི་ལས་དོན་ཇུས་གཞི》བཟོས་ནས་བཀྲམ་སྟེ། ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་སྐུལ་སློང་བྱས་ཏེ་དངུལ་རྩའི་ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས(གཤམ་དུ“དཔེ་སྟོན་ལས་གྲྭ”ཞེས་བསྡུ་རྒྱུ)ཁག་དང་པོར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    མིག་སྔར། རྣམ་གྲངས་རེ་ཞུའི་ཚན་པ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རྣམ་གྲངས་སྐུལ་འདེད་ལས་དོན་བདེ་བླག་ངང་ལག་བསྟར་བྱས་ཡོད། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་མུ་མཐུད་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལག་རྩལ་བྱ་ཐབས་སྤྱད་ནས། གྲོང་གསེབ་དར་རྒྱས་ལ་དངུལ་རྩས་ཞབས་འདེགས་ཞུ་བའི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དངུལ་རྩའི་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།