དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པར་ཞུགས་མཁན་རང་ལྗོངས་ཀྱི་ཁེ་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-31

    ཚེས་28ཉིན། ཀྲུང་གོ—ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཡུན་ནན་གྱི་ཁུན་མིང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། བོད་ཀྱི་འགྲེམས་ཁང་ལ་བྲིན་ཚོང་ཡོང་འབབ་སྒོར་ཁྲི་89བྱུང་ཞིང་། ཕ་ཁི་སི་ཐན་དང་། ནེ་པ་ལ། རྒྱལ་ནང་གི་ཡུན་ནན་དང་སི་ཁྲོན་བཅས་ནས་ཡོང་བའི་ཚོང་པ12ཀྱིས་མངགས་ཐོ་རྣམ་པའི་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་240ལྷག་ཙམ་ཟིན་ཡོད། འགྲེམས་སྟོན་གྱི་དུས་ཡུན་ཉིན་6རིང་བདུད་རྩི་རྟགས་ཅན་གྱི་བོད་སྨན་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ། ཧྥུལ་རྒྱུ་དམའ་བའི་ཕུར་ཇ་སོགས་ཀྱི་ཐོན་རྫས་ལ་ཚོང་པ་དང་འཛད་སྤྱོད་པས་དགའ་པོ་བྱས་ནས་ཐོན་རྫས་མང་པོ་འགྲེམས་ཚོགས་མཇུག་མ་འགྲིལ་གོང་ནས་བཙོངས་ཟིན་པ་རེད།

    ཉེ་བའི་ལོ་ཤས་རིང་། འགྲེམས་ཚོགས་དཔལ་འབྱོར་གྱིས་བོད་ཀྱི་སྤུས་རྟགས་ཕྱིར་ཁྱབ་རྒྱུར་རམ་འདེགས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་ནས་ནུས་པ་ཆེན་པོ་ཐོན་ཡོད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ལས་དོན་པ་ཝང་མིང་མིང་གིས། ད་ཐེངས་ཀྱི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ལ་རང་ལྗོངས་ཀྱི་འཐུས་མི་ཚོགས་པས་དྲིལ་བསྒྲགས་དང་འགྲེམས་སྟོན་འགྲེམས་ཚོང་དང་། དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་པ་བརྒྱུད། དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཚུལ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་འགྲེམས་སྟོན་ལ་ཞུགས་པའི་ཉམས་མྱོང་ལ་མུ་མཐུད་ཕྱོགས་སྡོམ་དང་། ཁྱད་ལྡན་ལེགས་ཆའི་ཐོན་རྫས་དེ་བས་མང་བ་སྔོག་འདོན། འགྲེམས་སྟོན་གྱི་ལས་སྟེགས་བེད་ཡག་པོ་སྤྱོད་པ། ནུས་ཤུགས་ཡོད་རྒུས་ཞབས་ཞུར་འགན་ལེན་ཡག་པོ་བྱེད་པ་བཅས་བྱས་ནས་སྤུས་ཀ་དེ་བས་ལེགས་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།