དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྫ་ཆུར་2024ལོའི་ཆུ་ལོག་ཨང་དང་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-31

    ཟླ་7ཚེས་29ཉིན་གྱི་ཆུ་ཚོད་11དང་སྐར་མ་30ཡི་ཐོག ཡུན་ནན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ཅུས་ཀྱིས་རྫ་ཆུའི་གཞུང་རྒྱུན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་ལུགས་ཐུང་ཅང་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ལོག་གི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་རེད།

    དྲག་ཆར་བབས་པ་དང་སྟོད་རྒྱུད་ཀྱི་ཆུའི་ཤུགས་རྐྱེན་ཐེབས་སྟབས་རྫ་ཆུའི་གཞུང་རྒྱུན་བདེ་ཆེན་ཀྲོའུ་བདེ་ཆེན་རྫོང་ལུགས་ཐུང་ཅང་ཆུ་དཔྱད་ས་ཚིགས་སུ་ཉེན་ཟོན་ཆུ་ཁ་ལས་བརྒལ་བའི་ཆུ་ལོག་ཐོན་པ་དང་། ཉེན་ཟོན་སྔོན་བརྡའི་དུས་ཚོད་ནི་ཟླ་7ཚེས་29ནས་ཟླ་8ཚེས་1ཉིན་བར་དང་། ཤུགས་རྐྱེན་ཐེབས་ཁོངས་ནི་བདེ་ཆེན་རྫོང་གི་བལ་རི་ཤང་དང་། ཡུན་ལིང་ཤང་། ཡན་མན་ཤང་། དཔག་སྟོད་ཤང་། ཡར་གྲོང་གྲོང་རྡལ་སོགས་ཡིན་པས། ཆུ་རྒྱུད་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་དམངས་ཚོགས་ཀྱིས་ཉེན་ཟོན་ཉེན་གཡོལ་ཡག་པོ་བྱས་ཏེ་ཆུ་ལོག་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས།

    སྟོད་རྒྱུད་ཀྱི་ཆུ་དང་དྲག་ཆར་བབས་པའི་རྐྱེན་གྱིས། རྫ་ཆུའི་གཞུང་རྒྱུན་བདེ་ཆེན་ཀྲོའུ་བདེ་ཆེན་རྫོང་བལ་རི་ཤང་ལུགས་ཐུང་ཅང་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ཁ་2024ལོའི་ཟླ་7ཚེས་29ཉིན་གྱི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་སྨི་2064.40དང་དེ་མཚུངས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་3900ཟིན་ནས་ཆུ་ལོག་གི་ཨང་གྲངས་ཚད་གཞིར་སླེབས་པ་དང་ཨང་གྲངས་ནི་རྫ་ཆུའི་2024ལོའི་ཆུ་ལོག་ཨང་དང་པོ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།