དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ་ཚན་རིག་ཁང་མཛོད་དགེ་འདམ་རའི་སྐྱེ་ཁམས་ཞིབ་འཇུག་ས་ཚིགས་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-31

    ཚེས་26ཉིན་ཀྲུང་གོ་ཚན་རིག་ཁང་མཛོད་དགེ་འདམ་རའི་སྐྱེ་ཁམས་ཞིབ་འཇུག་ས་ཚིགས(གཤམ་དུ་མཛོད་དགེ་ས་ཚིགས་ཞེས་བསྡུ་རྒྱུ)དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྱུང་མཆུ་རྫོང་དུ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་རེད། མཛོད་དགེ་ས་ཚིགས་དེ་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཁོངས་སུ་གཏོགས་ཤིང་། དེ་ནི“ཀྲུང་གོའི་མཐོ་གྲང་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་པའི་དྲ་བའི”གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་རྗེས་མཛོད་དགེ་ས་ཚིགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ས་གོ་ལ་ཧྲིལ་པོའི་འདམ་རའི་སྐྱེ་ཁམས་གནས་སྟངས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་རིག་ཚན་དང་སྡེ་ཚན་བསྒྲལ་ནས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་མཐོ་གྲང་གི་འདམ་རའི་སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག རྒྱུན་མཐུད་ཆོག་པའི་བེད་སྤྱོད་བཅས་ཀྱི་ཚོད་ལྟའི་དཔེ་མཚོན་ལས་དོན་བསྒྲུབ་པར་གཞོལ་རྒྱུ་རེད།

    མཛོད་དགེ་འདམ་ར་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། དེ་ནི་རང་རྒྱལ་གྱི་མཐོ་གྲང་འདམ་རའི་གཅིག་སྡུད་ཁྱབ་ཁུལ་གཙོ་བོ་ཞིག་རེད་ལ། རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། མཛོད་དགེ་ས་ཚིགས་ཀྱིས་མཐོ་གྲང་འདམ་ར་སྲུང་སྐྱོང་དང་སླར་གསོ་དམིགས་ཡུལ་དུ་བྱས་ཏེ་འདམ་རའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྐྱེ་འཕེལ་ཡོང་བ་དང་། སྐྱེ་ཁམས་མ་ལག་གི་བརྒྱུད་རིམ། ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ལ་ཞིབ་འཇུག་ཆ་ཚང་པོ་བྱས་ནས། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་འདམ་རར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་དང་ལག་རྩལ་གྱི་འདེགས་སྐྱོར་ཐུབ་པ་བྱས་ཡོད། མཛོད་དགེ་ས་ཚིགས་འཕེལ་རྒྱས་བཏང་བ་དང་འཛུགས་སྐྲུན་བྱས་པ་དེས་རང་རྒྱལ་དུ་མཐོ་གྲང་འདམ་རར་དུས་ཡུན་རིང་པོར་དམིགས་འཛུགས་སྒོས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུ་མི་འདང་བའི་གནས་སྟངས་ལེགས་སུ་ཕྱིན་ཏེ། ས་ཁོངས་དེར་ཆ་ལག་ཚང་བའི་ཚན་རིག་ཞིབ་འཇུག་དང་ཞིང་འབྲོག་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལག་རྩལ་ཞིབ་འཇུག་བྱེད་ཤུགས་དང་ཁྱབ་གདལ་གཏོང་ནུས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།