དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རྨོ་ཞིང་གི་རྒྱ་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ།

  •     སྤེལ་དུས།  2024-07-31

    འདི་ནི་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་དུ་ཞིང་པས་ཞིང་ནང་དུ་ཆིན་ཚལ་བསྡུ་བཞིན་པ།

    ཀྲང་ཝེ་ཐང་གིས་པར་བརྒྱབ།(མི་དམངས་པར་རིས)

    ཀྲུང་གོས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་དང་མ་འཇོག་བྱེད་མང་དུ་བཏང་བ་བརྒྱུད། བ་ཚྭ་ཅན་གྱི་ས་ཆ་དང་སྦགས་བཙོག་ཐེབས་པའི་ས་ཆ་དག་རྨོ་ཞིང་གླིང་ཆེན་པོར་སྒྱུར་བཀོད་བྱས་ཡོད། ཀྲུང་གོས་འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་ཆོད་སེམས་ཆེན་པོ་མངོན་གསལ་དོད་ཅིང་། ཟླ་6ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས》ལག་བསྟར་བྱེད་འགོ་ཚུགས་པ་རེད།

    དཔེ་མཚོན་དང་པོ་ནི་ཧྲན་ཏུང་ཞིང་ཆེན་གྱི་གྲོང་ཚོ་ཞིག་ཡིན་ཞིང་། རྒྱ་མཚོ་དང་བར་ཐག་སྤྱི་ལེ་20ཡང་ཟིན་གྱི་མེད་པ་དང་ས་གནས་དེ་གའི་ས་རྒྱུའི་བ་ཚྭ་འདུས་ཚད་ཧ་ཅང་མཐོ་པོ་ཡོད་རྐྱེན། དེ་སྔ་ཞིང་པར་ཞིང་ལས་ལོ་ཏོག་ཕྲན་བུ་ཙམ་ལས་བསྡུ་རྒྱུ་མེད། ད་ཆ་གསར་གཏོད་རང་བཞིན་གྱི་ས་རྒྱུའི་བ་ཚྭ་ཉུང་དུ་གཏོང་བའི་བྱ་ཐབས་ཤིག་ལ་བརྟེན་ནས་འདི་ལོ་གྲོང་ཚོ་དེའི་ཞིང་ནང་དུ་སྐྱེ་འཚར་ལེགས་པའི་གྲོ་པུས་མོ་བར་སླེབས་ཀྱི་ཡོད་པ་རེད། ཀྲུང་གོར་ལེགས་བཅོས་བྱེད་བཞིན་པའི་ས་ཆ་བ་ཚྭ་ཅན་གྱི་ས་ཞིང་ཁོ་ན་མིན། ཁྲུང་ཆིང་གི་འཛུགས་སྐྲུན་ཚན་རྩལ་ཀུང་སི་ཞིག་གིས་བེད་མེད་དུ་ལུས་པའི་གཏེར་རི་ས་ཞིང་དུ་སྒྱུར་བཀོད་བྱེད་པའི་ཚོད་ལྟ་བྱས་ཤིང་། 2020ལོ་ནས་2023ལོ་བར། ཀུང་སི་དེས་རྡོ་ཞོའི་གཏེར་ཁ་སྤྱི་ཆིང་30ལྷག་ཙམ་རྨོ་ཞིང་དུ་སྒྱུར་བཀོད་བྱས་པ་རེད། གནས་ཚུལ་ཞིག་ལས་མངོན་པར། ཀྲུང་གོའི་རྨོ་ཞིང་ཉུང་དུ་འགྲོ་བའི་འཕེལ་ཕྱོགས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། 2021ལོ་དང་། 2022ལོ། 2023ལོ་བཅས་སུ་ཀྲུང་གོའི་རྨོ་ཞིང་བསྡོམས་འབོར་ལོ་གསུམ་བསྟུད་མར་འཕར་ཡོད་པ་རེད།

    —— ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།