དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨ་ལི་ལཱ་ཡ།   |     སྤེལ་དུས།  2024-07-31

    ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བཅས་བྱས་ཏེ། རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་དག་འཕེལ་རྒྱས་འགྲོ་བར་གོ་སྐབས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་རོགས་རམ་བྱས་ཡོད།

    འདི་ལོའི་ལོ་སྟོད་དུ། ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5%འཕར་བ་དང་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་ལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་འཕེལ་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཉམས་ཞན་ཡིན་ཞིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བཅས་བྱས་ཏེ། རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་འཕེལ་རྒྱས་འགྲོ་བར་གོ་སྐབས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་རོགས་རམ་བྱས་ཡོད།

    ཀྲུང་གོའི་ཐོན་ལས་ཀྱི་གཞི་ཁྱོན་ཆེ་བ་དང་། མ་ལག་ཆ་ཚང་བ། ལྷན་སྦྱར་ནུས་པ་ཆེ་བ་བཅས་ཡིན་པས། དཔལ་འབྱོར་འཁོར་སྐྱོད་དང་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་བརྟན་པོ་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་གྲུབ་ཆ་མུ་མཐུད་ལེགས་འགྱུར་རིམ་སྤོར་བྱེད་པ། ཐོན་ལས་གསར་པ་དང་། མ་དཔེ་གསར་པ། སྒུལ་ཤུགས་གསར་པ་བཅས་ཐོན་པ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཀྲུང་གོར་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་ལྡན་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ནང་ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་མི་གྲངས་དུང་ཕྱུར་4ལྷག་ཙམ་ཟིན་པ་དང་། སླད་ཕྱིན་ལོ་བཅུ་གྲངས་ནང་དེའི་མི་གྲངས་དུང་ཕྱུར་8ཟིན་རྒྱུ་ཡིན་པ། གྲོང་མིའི་ཡོང་འབབ་ཆུ་ཚད་དང་འཛད་སྤྱོད་གཞི་ཁྱོན་བརྟན་པོའི་ངང་འཕར་བ། དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་དང་ཞབས་ཞུའི་འཛད་སྤྱོད་ཁྲོམ་ར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པར་དེ་བས་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད། 2019ལོར་ངས་ཀན་སུའུ་ཞིང་ཆེན་གྱི་གྲོང་ཚོ་མང་པོར་འཚམས་འདྲི་བྱེད་རིང་གྲོང་གསེབ་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་བརྒྱུད་རིམ་ནང་དྲ་ཐོག་ཚོང་དོན་གྱིས་ནུས་པ་གལ་ཆེན་ཐོན་པ་མཐོང་བྱུང་། དབུལ་སྐྱོར་དབུལ་པོ་ཉུང་གཏོང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད།

    མིག་སྔར། ཀྲུང་གོས་ཨ་རབ་རྒྱལ་ཁབ་22དང་ཨ་རབ་མནའ་འབྲེལ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཨ་ཀྲུང་གཉིས་ཀྱིས་མཉམ་ལས་རྣམ་གྲངས་ཆེ་གྲས་200ལྷག་ཙམ་ལག་བསྟར་བྱས་པ་དང་མཉམ་ལས་གྲུབ་འབྲས་ཀྱིས་ཕྱོགས་གཉིས་པོའི་མི་དམངས་དུང་ཕྱུར་20ཙམ་ལ་ཕན་པ་ཐོབ་པ་དང་ཨ་ཀྲུང་གཉིས་ཀྱི་ཉོ་ཚོང་གྲངས་འབོར་དང་ཕྱོགས་གཉིས་ཀྱི་མ་འཇོག་ཚང་མ་མངོན་གསལ་དོད་པོས་འཕར་ནས་གཉིས་ཕན་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

    (རྩོམ་པ་པོ་ནི་ལེ་པ་ནོན་གྱི“ཨ་རབ་བའི་མིག་ནང་གི་ཀྲུང་གོའི”གསར་འགྱུར་དྲ་ཚིགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།