དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དེས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་ཐོབ་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁའེ་རན།   |     སྤེལ་དུས།  2024-07-31

    “འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དེས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་ཐོབ་ཡོད” ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་འཕེལ་རྒྱས་ཀུང་སིའི་ཏུང་ཧྲི་ཀྲང་པུའུ་ཞི·མཱ་པུའུ་ཀྲ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོར་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་། གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་ཞིང་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་མ་ལག ཐོན་སྐྱེད་ནུས་པ་ཆེན་པོ། ཆ་ཚང་བའི་ལེ་ལག་གི་ནུས་པ་བཅས་ཡོད། “ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ལས། ཀྲུང་གོའི་དཔལ་འབྱོར་ལ་གསོན་ཤུགས་དེ་བས་ཆེ་བ་མངོན་བཞིན་ཡོད”ཅེས་བརྗོད་པ་རེད།

    མཱ་པུའུ་ཀྲ་ཡིས་ངོ་སྤྲོད་བྱས་དོན། ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་འཕེལ་རྒྱས་ཀུང་སི་དང་ཀྲུང་གོའི་རོགས་ཟླའི་དབར་ཐོག་མཐའ་བར་གསུམ་དུ་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། 2016ལོའི་ཟླ་8པར། ཀྲུང་གོ་པེ་ཅིང་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་ལྷོ་ཨ་ཧྥེ་རི་ཁ་བཟོ་ལས་འཕེལ་རྒྱས་ཀུང་སིས་ཐུན་མོང་ཐོག་མ་འཇོག་བྱས་པའི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པ་རེད། མིག་སྔར། ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་2.26བཏང་བའི་པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཡོད་པ་རེད། “ལྷོ་ཨ་ཧྥེ་རི་ཁ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རླངས་འཁོར་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་དེ་ཡིན། པེ་ཅིང་རླངས་འཁོར་ལྷོ་ཨ་ཧྥེ་རི་ཁའི་བཟོ་གྲྭ་སྐྲུན་པ་དེས་ལྷོ་ཨ་ཧྥེ་རི་ཁའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། འཛད་སྤྱོད་པར་གདམ་ག་དེ་བས་མང་བ་བྱུང་ཡོད་ལ། ད་དུང་ས་གནས་དེ་གའི་ཁེ་ལས་འབྲིང་ཆུང་150ལྷག་ཙམ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་ནས་སྨད་རྒྱུད་ཀྱི་ཐོན་ལས་འཁོར་འབྲེལ་ལ་ལས་ཞུགས་ལས་གནས་3000ལྷག་ཙམ་བཏོད་པ་དང་དེ་བཞིན་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དང་དོ་དམ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད”ཅེས་མཱ་པུའུ་ཀྲ་ཡིས་བརྗོད་པ་རེད།

    མ་པུའུ་ཀྲ་ཡིས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་དང་ནུས་རྒྱུ་གཙང་མའི་ལག་རྩལ་ཐད་ཀྲུང་གོ་སྔོན་ཐོན་གྱི་གནས་བབ་དུ་སླེབས་ནས་གླིང་ཆེན་ཨ་ཧྥེ་རི་ཁར་ཁྱབ་གདལ་ཐུབ་པའི་ལྗང་མདོག་སྒྲིག་ཆས་དང་ལག་རྩལ་མང་པོ་མཁོ་འདོན་བྱས་ཡོད། དེ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད། “ཉི་ནུས་དང་། རླུང་ནུས། ཆུ་ཤུགས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་བྱེད་པའི་ཐད། ང་ཚོར་སྔར་བཞིན་ལག་རྩལ་དང་། མ་དངུལ། ཤེས་ལྡན་པ་སོགས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད། རྒྱལ་ཁབ་དེ་བས་མང་བ་དེའི་ནང་ཞུགས་ནས་ཨ་ཧྥེ་རི་ཁ་དེ་བས་མཉེན་ཆ་ལྡན་པའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

    མཱ་པུའུ་ཀྲ་ཡིས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་དུས་མཚུངས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཉམ་སྤྱོད་བྱས་ནས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་དེ་བས་མགྱོགས་པོ་ཡོང་བར་རོགས་རམ་བྱས་ཡོད། “ཨ་ཧྥེ་རི་ཁ་དང་ཀྲུང་གོ་ནི‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱིས་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།