དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བུད་མེད་ཀྱི་4×སྨི་100ཡི་རང་མོས་ཆུ་རྐྱལ་མཐུད་རྒྱུག་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་གིས་ཟངས་ཀྱི་རྟགས་མ་བླངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-31

    ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་གཉིས་པར་སླེབས་པ་དང་ཚེས་27ཉིན་གྱི་དགོང་མོའི་ཆུ་རྐྱལ་རྣམ་གྲངས་ཀྱི་འགྲན་བསྡུར་ལ་དབྱང་ཅུན་ཤོན་དང་། ཁྲེང་ཡུས་ཅེ། ཀྲང་ཡུས་ཧྥེ། ཝུའུ་ཆིང་ཧྥུང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་བུད་མེད་ཀྱི་4×སྨི་100ཡི་རང་མོས་ཆུ་རྐྱལ་མཐུད་རྒྱུག་གི་ཟངས་ཀྱི་རྟགས་མ་བླངས་པ་དང་། སྐྱེས་པའི་4×སྨི་100ཡི་རང་མོས་ཆུ་རྐྱལ་མཐུད་རྒྱུག་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་མཐའ་བསྡུར་ལ་ཐེངས་དང་པོར་ཚུད་པ་དང་མཐར་ཨང་བཞི་པ་ཐོབ་ཡོད།

    འདི་ནི་བུད་མེད་ཀྱི་4×སྨི་100ཡི་རང་མོས་ཆུ་རྐྱལ་མཐུད་རྒྱུག་མཐའ་བསྡུར་ལ་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་དབྱང་ཅུན་ཤོན(གཡས་ཀྱི་གསུམ་པ)གྱིས་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།