དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཏེ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་5པའི་ལས་གྲྭ་གཙོ་བོ་དངོས་སུ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-31

    ཚེས་28ཉིན་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཧྥུའུ་ཅན་ཉིང་ཏེ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་5པའི་ཉིང་རྡུལ་གླིང་ཕྲན་དུ་ཨར་འདམ་ལྕགས་ཀྲིན་དང་པོ་བླུགས་པ་ལས“ཧྭ་ལུང་ཨང་དང་པོའི”འཕྲུལ་ཚན་གྱི་ལས་གྲྭ་གཙོ་བོའི་ལས་འགོ་དངོས་སུ་ཚུགས་པ་དང་ཉིང་ཏེ་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་མཚོན་ཡོད།

    ཉིང་ཏེ་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱིས་ཆན་ཝ་ཁྲི་བརྒྱ་རིམ་པའི་ཉིང་རྡུལ་འཕྲུལ་ཚན་6བསྐྲུན་རྩིས་ཡོད་པ་དང་དུས་ཐེངས་གཉིས་ལ་བགོས་ནས་བསྐྲུན་རྒྱུ་ཡིན་ཞིང་། དེ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ལས་འགོ་ཚུགས་པ་དང་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཉིང་རྡུལ་གློག་ཁང་ཐོག་མ་དེ་རེད། དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་འཕྲུལ་ཚན་བཞི་2008ལོའི་ཟླ་2ཚེས་18ཉིན་སྐྲུན་འགོ་ཚུགས་པ་དང་2016ལོའི་ཟླ་7ཚེས་21ཉིན་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ད་ལོའི་ཟླ་6ཚེས་30ཉིན་བར། རིམ་རྩིས་བྱས་ན་གློག་དྲར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2900ལས་བརྒལ་ནས་ཚད་ལྡན་རྡོ་སོལ་ཟད་གྲོན་གྲོན་ཆུང་ཐུབ་ཚད་ཏུན་དུང་ཕྱུར་8758ལས་བརྒལ་བ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་ཏུན་དུང་ཕྱུར་23.8ལྷག་ཙམ་བཏང་ཡོད། རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་འཕྲུལ་ཚན་5པ་དང་6པར་2023ལོའི་ཟླ་7ཚེས་31ཉིན་རྒྱལ་ཁབ་ཀྱི་ཞིབ་མཆན་ཐོབ་པ་དང་རང་རྒྱལ་གྱི་རང་བདག་རབ་གསུམ་པའི་ཉིང་རྡུལ་གློག་ལག་རྩལ“ཧྭ་ལུང་ཨང་དང་པོ”སྤྱད་པས་འཕྲུལ་ཚན་རྐྱང་པ་ནས་ལོ་ལྟར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་100ཙམ་ཟིན་ཏེ་མི་འབོར་ཁྲི་100ཡི་ཐོན་སྐྱེད་དང་འཚོ་བའི་ལོ་འཁོར་གྱི་གློག་གི་དགོས་མཁོ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།