དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་གཙང་བཤེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-31

    ཉིན་ཤས་གོང་། རང་བྱུང་ཐོན་ཁུངས་པུས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་གཙང་བཤེར་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད། ཐེངས་འདིའི་གཙང་བཤེར་བྱེད་ཁོངས་སུ་དམངས་ཡོངས་ལ་དབང་བའི་ས་ཞིང་དང་། གཏེར་ཁ། ནགས་ཚལ། རྩྭ་ཐང་། འདམ་ར། ཆུ། རྒྱ་མཚོ་སོགས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིགས་7ཚུད་ཡོད་པ་དང་། 2026ལོའི་ཟླ་དྲུག་པའི་གོང་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་འཆར་གཞི་ཡོད་པ་རེད།

    ཐེངས་འདིར་རྒྱུ་ནོར་ལ་གཙང་བཤེར་བྱེད་པར་རང་བྱུང་ཐོན་ཁུངས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་། བདག་དབང་གཏན་འཁེལ་ཐོ་འགོད། རིམ་པ་དབྱེ་ནས་གཏན་འཁེལ། གཞི་རྩའི་ས་རིན་སོགས་ཀྱི་གྲུབ་འབྲས་མཉམ་བསྲེས་བྱས་པ་བརྒྱུད། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དངོས་པོའི་གྲངས་འབོར་རྩད་ཞིབ་གསལ་པོ་དང་། རིན་ཐང་གི་ཚད་ཞིབ་རྩིས། རྒྱུ་ནོར་གྱི་གཞི་གྲངས་གསལ་རྟོགས་བཅས་བྱ་རྒྱུ་དང་། ས་ཐོ་ཞིབ་བཤེར་དང་འགུལ་མེད་རྒྱུ་ནོར་ཐོ་འགོད་སོགས་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་བེད་སྤྱོད་དབང་ཆའི་གནས་ཚུལ་རིམ་བཞིན་གསལ་པོ་བཟོས་ནས་དངོས་པོའི་གྲངས་འབོར་གྱི་པར་རིམ་དང་། རིན་ཐང་གི་ཚད་ཀྱི་པར་རིམ། བདག་དབང་གི་པར་རིམ་སོགས་ཚུད་པའི་རྒྱུ་ནོར་གསལ་བའི“པར་རིས་གཅིག”ཆགས་པར་བྱས་ཐོག་དགོས་མཁོ་ལྟར་མ་པར་དང་མ་གྲངས་སྣ་ཚོགས་ལ་མཉམ་དུ་དོ་དམ་བྱ་རྒྱུ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་གཙང་བཤེར་བྱེད་པའི་དམིགས་ཡུལ་ནི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་གཞི་གྲངས་གསལ་པོ་རྟོགས་པ་བྱ་རྒྱུ་དེ་ཡིན། དེ་ལྟར་བྱུང་ཚེ་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བདག་པོའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་བཟོ་བ་སོགས་ལས་དོན་ལ་ཞབས་འདེགས་ཞུ་བར་ཕན་ནས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་པོའི་འགན་འཁྲི་འཁུར་བར་འདེགས་སྐྱོར་དེ་བས་ཡག་པ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།