དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐད་ལ་མཛུབ་སྟོན་ གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

    དམག་ཞབས་ཐིམ་པའི་དམག་མི་རྩིས་ལེན་བཀོད་སྒྲིག་ཡག་པོ་དང་། ཞབས་ཞུ་འགན་ལེན་ཡག་པོ། སློབ་གསོ་དོ་དམ་ཡག་པོ། ནུས་པ་འདོན་སྤེལ་ཡག་པོ། ཁེ་དབང་སྲུང་སྐྱོང་ཡག་པོ་བཅས་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་འབྲེལ། གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་ཀ་བྱེད་མཁན་བློ་མཐུན་ཚོར་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས། དམག་ཞབས་ཐིམ་པའི་དམག་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་སྒྱུར་འཕེལ་བརྟན་གསུམ་དང་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་བྱ་གཞག་དང་འབྲེལ་བ་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་འགན་འཁྲི་གསར་པ་ཡོད་དགོས་ལ་བྱས་རྗེས་གསར་པའང་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་དམག་ཞབས་ཐིམ་པའི་དམག་མིའི་རེ་འདུན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། རྩ་འཛུགས་དོ་དམ་མ་ལག་དང་། ལས་དོན་འཁོར་རྒྱུག་མ་ལག སྲིད་ཇུས་ལམ་ལུགས་མ་ལག་བཅས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དམག་ཞབས་ཐིམ་པའི་དམག་མི་རྩིས་ལེན་བཀོད་སྒྲིག་ཡག་པོ་དང་། ཞབས་ཞུ་འགན་ལེན་ཡག་པོ། སློབ་གསོ་དོ་དམ་ཡག་པོ། ནུས་པ་འདོན་སྤེལ་ཡག་པོ། ཁེ་དབང་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་དམག་མི་དག་སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་ཐོབ་པའི་ལས་རིགས་དང་དམག་ཞབས་ཐིམ་པའི་དམག་མི་དག་སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་ཐོབ་པའི་མིར་འགྱུར་བ་བྱེད་དགོས།

    སླད་ཕྱིན་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་གསར་བརྗེའི་དམག་མིའི་རང་མདངས་ནམ་ཡང་མི་ཉམས་པ་བྱེད་པ་དང་། དད་སེམས་བརྟན་དུ་གཏོང་བ། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། བྱས་རྗེས་ཐོན་པའི་འབད་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་ལ་ཞབས་འདེགས་ཞུ་བ་དང་། ཞབས་ཞུར་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཉེན་ཁ་འགོག་སེལ་བྱེད་པ་བཅས་ཀྱི་ཐད་འགན་འཁྲི་གསར་པ་འཁུར་དགོས་ལ་བྱས་རྗེས་གསར་པའང་འཇོག་པ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་རྣམས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་བཅས་བྱས་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དཔེ་བཟང་དམག་མི་397དང་དེ་བཞིན་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་ཚན་པ་100དང་དཔེ་བཟང་མི་སྒེར་80ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།