དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལག་བསྟར་ཇུས་གཞི་བཟོས་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས《ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ཏེ། མཚོ་སྔོན་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་རྒྱས་མཐའ་འཁྱོངས་བྱེད་པ་དང་། “ལྟེ་གཅིག་དང་། འཁོར་གཅིག རྒྱུད་མང”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་སྐྲུན་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསར་གཏོད་བཅས་བྱེད་རྒྱུའི་སྐོར་སྔར་བས་ཁ་གསལ་བཏོན་ཡོད།

    མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཁག་གཅིག་སྐྱེད་སྲིང་དང་། རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་དང་ཡུལ་སྐོར་སྤྲོ་གསེང་ཁྲོམ་ཁུལ་ཁག་གཅིག་གཏོད་པ། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་དང་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་འདོན་པ་བཅས་བྱ་རྒྱུ་རེད། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་སྔར་བས་འཕེལ་བ་བྱས་ནས“རི་རྒྱུད་ཆུ་འགོ་དང་མཛེས་པའི་མཚོ་སྔོན”ཞེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་སྐོང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་20%ཡན་རྒྱུན་འཁྱོངས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། 2024ལོར“4321”མངོན་འགྱུར་བྱ་རྒྱུ་སྟེ། མ་འཇོག་བསྡོམས་འབོར་དུས་མཚུངས་ལས་40%དང་། ཡུལ་སྐོར་གྱི་སྤྱིའི་མི་འབོར་དུས་མཚུངས་ལས་30% ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུས་མཚུངས་ལས་20% ཡུལ་སྐོར་གྱི་ཁྲལ་བསྡུ་དུས་མཚུངས་ལས་10%བཅས་འཕར་བའི་ལོ་འཁོར་གྱི་དམིགས་ཚད་མངོན་འགྱུར་ལ་བརྩོན་རྒྱུ་རེད། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་མགྱོགས་མྱུར་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སར་བསྐྲུན་རྒྱུ་རེད།

    དེ་དང་ཆབས་ཅིག་རྒྱལ་འཛུལ་ཡུལ་སྐོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། རྒྱལ་འཛུལ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། རྒྱལ་འཛུལ་ཡུལ་སྐོར་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ཉོ་ཚོང་མཉམ་ལས་ཞབས་ཞུའི་སྟེགས་བུ་སྐྲུན་པ། ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་ཚོང་གཉེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་མ་ཟད། ལས་རིགས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། དེས་མ་ཟད་རིག་གནས་ཡུལ་སྐོར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།