དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་འབར་མར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-30

    ཉིན་ཤས་གོང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་འབར་མའི་རང་ཀོང་དུ་འཚོགས་པ་རེད།

    འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སྐབས་འཕྲལ་ལས་ཚབ་ཚའོ་ཅིང་གིས་བགྲོ་གླེང་ཚོགས་འདུའི་ཐོག་ལོ་70ཡི་རིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཉིད་སྒོ་དབྱེ་བསྟུན་མཁས་དང་ཡོངས་ཁྱབ་ཏུ་སྤྱོད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་ཡོད། ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་70ལྷག་ཙམ་སོང་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་ལ་གཅེས་འཛིན་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཐོག་མཐའ་བར་གསུམ་དུ་ལག་བསྟར། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གཉིས་ཕན་གཉིས་ཁེ། ཐུན་མོང་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།