ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡར་ཤིང་དམར་ནགས་ཚལ་སྲུང་སྐྱོང་གི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།
ཟླ་7ཚེས་26ཉིན་ནི“ཤིང་དམར་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་རྒྱལ་སྤྱིའི་ཉིན་མོ”ཞིག་རེད། ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཚོགས་པ(རྒྱལ་ཁབ་ནུས་རྒྱུ)ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་གློག་གཏོང་ཀུང་སིས་ཤིང་དམར་ནགས་ཚལ་སྲུང་སྐྱོང་གི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནས་ཡོང་བའི་བྱེད་སྒོའི་ནང་ཞུགས་མཁན་ཚོས་མཉམ་དུ་ཤིང་དམར་ནགས་ཚལ་གྱི་སྡོང་ཕྲུག་བཏབ་ཡོད། རྒྱལ་ཁབ་ནུས་རྒྱུ་དང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གློག་ཤུགས་ཀུང་སིས་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་གླིང་ཕྲན་གྱི་ནུབ་རྒྱུད་དུ་ཀྲོ་ཝའི་མེ་གློག་རྣམ་གྲངས་ཨང་7པ་མཉམ་དུ་བསྐྲུན་ཡོད། རྣམ་གྲངས་སྐྲུན་རིང་རྒྱལ་ཁབ་ནུས་རྒྱུ་ཧིན་རྡུ་ཉི་ཞི་ཡའི་ཀྲོ་ཝ་གློག་གཏོང་ཀུང་སིས་ཡུལ་དེའི་ཤིང་དམར་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་ཤིང་དམར་ནགས་ཚལ་གྱི་གསབ་འཛུགས་ཉམས་གསོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། འདི་ནི་ཟླ་7ཚེས་26ཉིན་སྐུ་མགྲོན་ཚོས་ཧིན་རྡུ་ཉི་ཞི་ཡའི་དབན་ཏན་ཞིང་ཆེན་ཤིས་ལེང་ཀྲོ་ཝའི་རྣམ་གྲངས་ཨང་7པའི་ཉེ་འགྲམ་དུ་ཤིང་དམར་སྡོང་ཕྲུག་འཛུགས་བཞིན་པ།