དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “པེ་ཅིང་གི་དཀྱིལ་ཐིག”《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་ཚུད་པ།

    ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་ཁག་59ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-30

    འདི་ནི“པེ་ཅིང་གི་དཀྱིལ་ཐིག”ཐོག་ཆགས་པའི་ཅིང་ཧྲན་སྤྱི་གླིང་སོགས་ས་ཁོངས་ཀྱི་རྣམ་པ་ཡིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་27ཉིན་རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས“པེ་ཅིང་གི་དཀྱིལ་ཐིག་——ཀྲུང་གོའི་འདོད་མཐུན་གྱི་རྒྱལ་ས་རིམ་པའི་ཕུལ་བྱུང་བརྩམས་ཆོས”《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པ་རེད། དེའི་བར་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་ཁག་59ཟིན་ཡོད།

    “པེ་ཅིང་གི་དཀྱིལ་ཐིག”དེ་པེ་ཅིང་གྲོང་ཁུལ་རྙིང་པའི་ལྷོ་བྱང་བར་ཁྱབ་ཅིང་། དུས་རབས་13པར་སྐྲུན་འགོ་ཚུགས་པ་དང་དུས་རབས་16པར་རྣམ་པ་དེ་ཆགས་པ་རེད། དེ་རྗེས་ཟམ་མི་ཆད་པར་འཕོ་འགྱུར་སོང་ནས་མིག་སྔའི་རིང་ཚད་སྤྱི་ལེ་7.8ཟིན་པ་དང་འཛམ་གླིང་ཐོག་རིང་ཤོས་ཀྱི་གྲོང་ཁྱེར་གྱི་དཀྱིལ་ཐིག་འདི་ཆགས་པ་རེད། དེའི་ཤུལ་བཞག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་589ཟིན་པ་དང་བར་ཆོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་4542ཟིན་པའི་ནང་རྔ་ཅོང་ཐོག་ཁང་དང་། གནའ་བོའི་ཕོ་བྲང་། གནམ་བདེ་སྒོ་མོ་སོགས་ཤུལ་བཞག་ཁག་15ལས་གྲུབ་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས“པེ་ཅིང་གི་དཀྱིལ་ཐིག”ནས་མཚོན་པའི་ཀྲུང་གོའི་སྲོལ་རྒྱུན་གྱི་རྒྱལ་སའི་འཆར་འགོད་རིགས་གཞུང་དང“དབུ་མ”དང“ཞི་མཐུན”གྱི་མཚན་ཉིད་རིག་པའི་བསམ་བློ་ནས་འཛམ་གླིང་གི་གྲོང་ཁྱེར་འཆར་འགོད་ལོ་རྒྱུས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པའི་ངོས་འཛིན་བྱས་པ་དང“པེ་ཅིང་གི་དཀྱིལ་ཐིག”གི་ཆ་ཚང་རང་བཞིན་དང་། དོན་དངོས་རང་བཞིན། སྲུང་སྐྱོང་དོ་དམ་གནས་ཚུལ་བཅས་ལ་ཁས་ལེན་ཡང་བྱས་ཡོད།

    རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཆུན་གྱིས་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་རེ་ཞུ་བྱས་པ་ལམ་ལྷོངས་བྱུང་བ་ནི་འགོ་འཛུགས་ས་གསར་པ་ཞིག་རེད། ཀྲུང་གོས《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཆིངས》ལག་བསྟར་ཏན་ཏིག་བྱས་ཏེ“པེ་ཅིང་གི་དཀྱིལ་ཐིག”སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།