དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་གནས་ཤུལ་བཞག་ལས་དུས་རབས་ཀྱི་གཟི་མདངས་མངོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཕེང་ཧྥེ།   |     སྤེལ་དུས།  2024-07-30

    ཟླ་7ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པས“པེ་ཅིང་གི་དཀྱིལ་ཐིག་—ཀྲུང་གོའི་འདོད་མཐུན་གྱི་རྒྱལ་ས་རིམ་པའི་ཕུལ་བྱུང་བརྩམས་ཆོས”དེ《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་ཡོད། ཉིན་ཤས་གོང་། དཔལ་ལྡན་བྱེ་གླིང་—བྱེ་རི་དང་མཚོ་མཚེའུ་ཡི་ཚོགས་ཀྱང་མིང་གཞུང་དེའི་ནང་བཅུག་ཡོད། ཤུལ་བཞག་གི་མིང་གཞུང་ནང་འདུན་ཞུ་བསྟུད་མར་བྱས་པ་ལམ་ལྷོངས་བྱུང་བ་ལས། འཛམ་གླིང་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ལེགས་སྐྱེས་མངོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་དངོས་དང་རིག་གནས་ཤུལ་བཞག་ལས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་མཚོན་ལ། བསྐྱར་སྐྱེས་མི་ཐུབ་པ་དང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་གྱི་འབྱུང་ཁུངས་ཀྱང་ཡིན”ཞེས་ནན་བཤད་གནང་ཡོད། དུས་རབས་གསར་པ་ཤར་ཚུན་ང་ཚོས་དེ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ནས་དུས་རབས་ཀྱི་གཟི་མདངས་འཕྲོས་ཡོད།

    རིག་དངོས་ལ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་པ་དང་སྦྲགས། གྲོང་ཁུལ་རྙིང་པའི་སྤྱིའི་རྣམ་པ་ཧྲིལ་པོའི་ཁྱད་ཆོས་སླར་གསོ་དང་རྒྱུན་སྲིང་ཐུབ་པ་བྱས་པ་དེས་བརྗིད་ཉམས་ཆེ་ཞིང་ལྟ་ན་སྡུག་པའི་པེ་ཅིང་གི་དཀྱིལ་ཐིག་ཧྲིལ་པོ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་པ་དང་། ཏུན་ཧོང་ཞིབ་འཇུག་ཁང་གིས་ཟོག་འབྲེལ་དྲ་རྒྱ་དང་སྐུད་མེད་ཚོར་ཆས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་བྲག་ཕུག་ལ་བབ་བསྟུན་ལྟ་ཞིབ་ཚད་ལེན་བྱས་ཏེ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་བྱ་རྒྱུར་གྲངས་གཞིའི་འདེགས་སྐྱོར་ཐུབ་པ་སོགས་བྱས་ཡོད།

    ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཁྲོད་ནས་བློ་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བླངས་ཚེ་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རིག་གནས་ཀྱི་སྟོབས་ཤུགས་ཟབ་མོ་རྒྱུན་ཆད་མེད་པར་སྣོན་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།