དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཀོང་ཏུང་དང་ཧྥུའུ་ཅན་དུ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-30

    ཚེས་27ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཧོང་ཁུན་མིང་གིས་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོའི་སྙན་ཞུ་གནང་བ་དང་། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ཁག་ཏུ་ཁྱོན་མི་ཁྲི་2.1ཙམ་ཞུགས་ཡོད་པ་རེད།

    ཧོང་ཁུན་མིང་གིས་སྙན་ཞུའི་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་ཁ་ཕྱོགས། འགན་འཁྲི་དང་ལས་འགན་བཅས་གསལ་བཤད་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས་པ་རེད། ཁོང་གིས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་སྒྲུབ་སེམས་ཆེན་པོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐད་གཅིག་སྒྲིལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྒྱུར་བཅོས་ཀྱི་སྙིང་སྟོབས་རབ་འཕེལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀོང་ཏུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་སྣོན་དགོས་པའི་ནན་བཤད་བྱས་པ་རེད།

    ཉེ་ཆར། ཧོང་ཁུན་མིང་ད་དུང་དབྱང་ཅང་གྲོང་ཁྱེར་གྱི་ཁེ་ལས་དང་། གྲུ་ཁ། གྲོང་ཚོ་དང་གྲོང་རྡལ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་བཅས་སུ་བསྐྱོད་དེ་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་འབྲེལ། ཚང་མ་དང་མཉམ་འགུལ་སྤེལ་རེས་ཀྱང་བྱས་པ་རེད།

    འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྥུའུ་ཅན་དུ་སྒྲོག་འགྲེལ་བྱས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་མི་ཁྲི་1.3ལྷག་ཙམ་ཞུགས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཀྲང་ཧྥུའུ་ཧའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་ཚད་དང་། རྩ་དོན་གལ་ཆེན། བླང་བྱ་གལ་ཆེན་བཅས་ཁོང་དུ་གཏིང་ཟབ་ཆུད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་རྩ་བའི་འགན་ལེན་ཁོང་དུ་གཏིང་ཟབ་ཆུད་པ་སོགས་བྱེད་དགོས་པའི་ཐད་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས་པ་རེད། ཁོང་གིས་སྒྲོག་འགྲེལ་བྱེད་སྐབས་དུས་རབས་གསར་པའི་སྒྱུར་བཅོས་ནི་ཕྱོགས་ཡོངས་དང་། གཏིང་ཟབ་པ། རྩ་བའི་རང་བཞིན་བཅས་ཡིན་ལ་ཐོབ་པའི་གྲུབ་འབྲས་ནི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཡིན། འཛམ་གླིང་ཡོངས་ལ་བལྟས་ན། ཁྱབ་ཁོངས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་ཆེ་བ་བཅས་ཀྱི་སྒྱུར་བཅོས་འདི་འདྲར་རྒྱུན་མཐུད་སྐུལ་འདེད་གཏོང་ཐུབ་པའི་རྒྱལ་ཁབ་དང་སྲིད་ཏང་ཞིག་མེད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཚེས་27ཉིན་གྱི་སྔ་དྲོར། ཀྲང་ཧྥུའུ་ཧའེ་ཡིས་ཧྥུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཅང་ཆུས་ཀྱི“ཚང་ཞ་མི་ཁྱིམ”གྱི་འཚོ་བའི་འགྲེམས་ཁང་དུ་སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོགས་ཀྱི་འཐུས་མི་དང་སྤེལ་རེས་དང་མཉམ་འགུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།