དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ས་ཡོམ་སྔོན་བརྡའི་དྲ་བ་བསྐྲུན་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-30

    ཚེས་26ཉིན་གསར་འགོད་པར་འཕྲལ་སྡོམ་པུའུ་ཀྲུང་གོ་ས་ཡོམ་ཅུས་ཀྱིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ས་ཡོམ་སྔོན་བརྡའི་ལས་གྲྭ་ཚེས་25ཉིན་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ས་ཡོམ་སྔོན་བརྡའི་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཏེ་སྤྱི་ཚོགས་ཡོངས་ལ་ས་ཡོམ་སྔོན་བརྡ་དང་ས་གཡོ་ཚད་མྱུར་བརྡ་གཏོང་བའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།

    རྒྱལ་ཁབ་ས་ཡོམ་སྔོན་བརྡའི་ལས་གྲྭའི་རྣམ་གྲངས་ནང་ལྟ་ཞིབ་ས་ཚིགས་15899བཙུགས་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ས་ཡོམ་སྔོན་བརྡའི་དྲ་བ་བསྐྲུན་ཟིན་ཡོད། ས་ཡོམ་སྔོན་བརྡ་དང་ས་གཡོ་ཚད་མྱུར་བརྡ་གཏོང་བའི་ཐད་རང་རྒྱལ་གྱི་ཧྭ་པེ་དང་། ཤར་ལྷོའི་མཚོ་རྒྱུད། ནུབ་བྱང་གི་ས་ཡོམ་རྒྱུད། ཤིན་ཅང་ཐེན་ཧྲན་གྱི་དབུས་རྒྱུད། བོད་ལྗོངས་ལྷ་སའི་ཉེ་འཁོར་སོགས་གཙོ་གནད་ཉེན་བརྡའི་ཁུལ་5ལ་སྐར་ཆ་རིམ་པར་ས་ཡོམ་གྱི་སྔོན་བརྡ་གཏོང་ཐུབ་པའི་ནུས་པ་ལྡན་པ་དང་རྒྱལ་ཡོངས་སུ་སྐར་མ་རིམ་པར་ས་གཡོ་ཚད་མྱུར་བརྡ་གཏོང་ཐུབ་པའི་ནུས་པ་ལྡན་ཡོད་པ་རེད།

    སྤྱི་དམངས་དང་འབྲེལ་ཡོད་ལས་རིགས་ཀྱིས་ས་ཡོམ་གྱི་སྔོན་བརྡའི་ཆ་འཕྲིན་ཤེས་རྟོགས་བྱེད་པར་སྟབས་བདེ་སྐྲུན་ཆེད། 2018ལོར་རྒྱལ་ཁབ་ས་ཡོམ་སྔོན་བརྡའི་ལས་གྲྭ་ལག་ལེན་བསྟར་ཚུན། ལྕགས་ལམ་དང་། མདོང་ལམ་དྲ་བ། གློག་དྲ། ཉིང་རྡུལ་གློག འབར་རླངས་སོགས་ལས་རིགས་དང་འབྲེལ་མཐུད་བྱས་ཏེ་བརྙན་འཕྲིན་དང་། གྲོང་གསེབ་ཀྱི་རྒྱང་བསྒྲགས། IPTVསོགས་འཕྲལ་སྡོམ་རླུང་འཕྲིན་གཏོང་བའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་བ་དང་སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས་སྤྱི་དམངས་ཀྱི་སྒུལ་བདེའི་བཀོལ་སྤྱོད་ཞབས་ཞུའི་ཐབས་ལམ་ཡངས་སུ་བཏང་བས། དུང་ཕྱུར་རིམ་པའི་ཁེབས་རྒྱ་དང་སྐར་ཆ་རིམ་པའི་ནང་འབྲེལ་གཏུག་ཐུབ་པའི་འཕྲལ་མྱུར་ཞབས་ཞུའི་ནུས་པ་ཆེན་པོ་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།