དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས།

    ལོ་གསུམ་རིང་སྲིད་འཛིན་ཞིབ་དཔྱོད་གྱོད་གཞི་སྣ་ཚོགས་2472བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-30

    2021ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། 《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དོན་འཁྱོལ་གཏིང་ཟབ། གཏུག་བཤེར་བྱེད་རིང་གི་ལྟ་སྐུལ་དང་གཏུག་བཤེར་ཕུད་པའི་ལྟ་སྐུལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་ཕྱོགས་ཡོངས་ནས་གཏིང་ཟབ་བཅས་བྱས་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་བྱས་ཡོད། ལོ་གསུམ་རིང་ཁྱོན་བསྡོམས་སྲིད་འཛིན་ཞིབ་དཔྱོད་གྱོད་གཞི་སྣ་ཚོགས་2472བསྒྲུབས་པའི་ནང་གྱོད་གཞི་6ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དཔེ་མཚོན་གྱོད་དཔེ་དང་ཕུལ་བྱུང་གྱོད་དཔེར་བདམས་པ་རེད།

    གཏུག་བཤེར་བྱེད་རིང་ལྟ་སྐུལ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་བྱས་པ། སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པ་དེ་སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་འཛིན་གྱི་གོ་ཆོད་ཁྲིམས་གཅོད་དང་དེ་བཞིན་སྲིད་འཛིན་འདྲི་གཅོད་དང་ལག་བསྟར་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། དམངས་དོན་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་གྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས། སྲིད་འཛིན་ཁྲིམས་སྒྱུར་མི་སྣ་457གདན་དྲངས་ཏེ་དམིགས་བསལ་གདན་ཞུ་བྱས་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ཀྱི་འགན་འཁུར་དུ་བཅུག་པ་རེད། ལོ་གསུམ་རིང་སྲིད་འཛིན་ཁྲིམས་གཅོད་ལྟ་སྐུལ་དང་ལེན་མ་བྱས་པའི་གྱོད་གཞི་14བསྒྲུབས་པ་དང་གྱོད་གཞི་1བསྐྱར་གཅོད་ཡོང་རེ་ཞུས་ཡོད། ཁྲིམས་ཁང་གིས་བསྐྱར་ཞིབ་བྱས་རྗེས་སྲིད་འཛིན་བྱེད་སྤྱོད་དེ་ཁྲིམས་འགལ་ཡིན་པ་གཏན་འཁེལ་བྱས་པ་རེད། ལྟ་སྐུལ་རེ་ཞུར་རྒྱབ་སྐྱོར་མི་བྱེད་པ་ཐག་བཅད་པའི་གྱོད་གཞིར་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་ཤོད་པར་ཤུགས་སྣོན་རྒྱག་པ་དང་། དོ་བདག་ལ་ཁྲིམས་གཅོད་དང་ལེན་དང་ཞུ་གཏུག་མཚམས་འཇོག་བྱེད་པའི་ཁྲིད་སྟོན་བྱས་ཏེ་གོ་ཆོད་ཀྱི་ཁྲིམས་གཅོད་དབང་གྲགས་སྲུང་སྐྱོང་བྱས་ཡོད། སྲིད་འཛིན་འདྲི་གཅོད་བྱེད་སྒོའི་ལྟ་སྐུལ་གྱོད་གཞི་40བསྒྲུབས་པ་དང་། ཞིབ་དཔྱོད་གྲོས་འགོ་ཁག་14བཏོན་པའི་ནང་གྲོས་འགོ་13དང་ལེན་བྱས་ཤིང་། དང་ལེན་བྱེད་ཚད་92.9%ཟིན་ཡོད།

    གཏུག་བཤེར་ཕུད་པའི་ལྟ་སྐུལ་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཁྲིམས་ལྟར་སྲིད་འཛིན་ལ་རམ་འདེགས་བྱས་པ། སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ལྟ་སྐུལ་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། 《སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་དཔྱོད་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་པ་རེད། ལོ་གསུམ་རིང་སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ལྟ་སྐུལ་བྱེད་པའི་གྱོད་གཞི་1419བསྒྲུབས་པ་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་782བཏོན་པའི་ནང་གྲོས་འགོ་778དང་ལེན་བྱས་ཤིང་། དང་ལེན་བྱེད་ཚད་99.5%ཟིན་ཡོད།

    སྲིད་ཁྲིམས་ཉེས་ཁྲིམས“ལྡོག་ཕྱོགས་སྦྲེལ་མཐུད”ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞུ་གཏུག་མི་རྒྱག་པའི་གྱོད་གཞིའི་མཇུག་མཐུད་ལས་དོན་ལེགས་པར་བསྒྲུབས་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ཁྲིམས་འཛིན་ཐིང་སོགས་སྲིད་གཞུང་སྡེ་ཚན་27དང་སྲིད་ཁྲིམས་ཉེས་ཁྲིམས་སྦྲེལ་མཐུད་ལམ་སྲོལ་ཁག་42ལ་མིང་རྟགས་བཀོད་ནས་ཁྲིམས་སྒྱུར་ནན་པོ་དང་ཁྲིམས་འཛིན་དྲང་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད། ཞུ་གཏུག་མ་བྱས་ན་འགན་འཁྲི་མེད་པ་མིན་པ་དང་། ཞུ་གཏུག་མ་བྱས་ན་ཆད་པ་མི་གཅོད་པ་མིན། 2023ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་ཁྲིམས་ཉེས་ཁྲིམས“ལྡོག་ཕྱོགས་སྦྲེལ་མཐུད”ཀྱི་གྱོད་གཞི་810དང་མི་1074ཐག་གཅོད་བྱས་པ་དང་། ཞུ་གཏུག་མི་རྒྱག་པའི་ཐག་བཅད་ཀྱང་སྔར་བཞིན་སྲིད་འཛིན་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱེད་པའི་གྱོད་གཞིར་དམིགས་ཏེ། འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་ལས་ཁུངས་ལ་ཞིབ་དཔྱོད་བསམ་འཆར་བཏོན་ནས་མི་325ལ་སྲིད་འཛིན་ཆད་པ་བཅད་དེ། སྲིད་འཛིན་ཆད་གཅོད་ཀྱི་འགན་འཁྲི་རྩད་གཅོད་ཀྱི“རྨོངས་ཁུལ”མེད་པ་བཟོ་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།