དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ཀྱི་མཉམ་འབྲེལ་དཔེ་སྟོན་རྟེན་གཞི་ཐོག་མ་ལྷ་སར་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-30

    ཉེ་དུས། པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་བོད་ལྗོངས་ཀྱི་མ་ལག་གྲུབ་པའི་རང་རྒྱལ་གྱིས་བཟོས་པའི་ཆ་འཕྲིན་ཅན་གྱི་སློབ་ཁང་དང་པོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་བསྐྲུན་པ་རེད། དེའི་ཐོག་ནས་བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ཀྱི་མཉམ་འབྲེལ་དཔེ་སྟོན་རྟེན་གཞི་ཐོག་མ་ལྷ་སར་བསྐྲུན་པ་མཚོན་ཡོད། དེས་ལྷ་སའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ལས་དོན་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྷ་སའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མ་ལག་གྲུབ་པའི་རང་རྒྱལ་གྱིས་བཟོས་པའི་ཆ་འཕྲིན་ཅན་གྱི་སློབ་ཁང་དང་པོ་དེ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཡིས་སྒྲིག་འཛུགས་དང་ལུང་ཤིན་ཀྲུང་ཁོ་སོགས་ཁེ་ལས་ཀྱིས་རོགས་སྐྲུན་བྱས་པ་རེད། དེར་ལུང་ཤིན་3A6000སྒྲིག་གཅོད་ཆས་དང་ཐུང་ཤིན་UOSབཀོལ་སྤྱོད་མ་ལག་སྒྲིག་སྦྱོར་བྱས་པའི་རང་རྒྱལ་གྱིས་བཟོས་པའི་གློག་ཀླད་60བཀོད་སྒྲིག་བྱས་ནས་ཉིང་ལྷེབ་དང་། བཀོལ་སྤྱོད་མ་ལག མཉེན་ཆས། སློབ་ཁྲིད་སློབ་ཚན་བཅས་ཚང་མ་རང་རྒྱལ་ནས་ཐོན་པ་མངོན་འགྱུར་བྱུང་ནས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་ཆ་འཕྲིན་ཚན་རྩལ་སློབ་ཁྲིད་བྱེད་པར་ལས་སྟེགས་ཀྱི་འདེགས་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།