དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཞིང་ཞོར་ཐོན་རྫས་ཁྲོམ་རའི་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་ལོ་གསུམ་བྱ་སྤྱོད་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-29

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གནས་ཚུལ་སྤེལ་བར། ཞིང་ཆེན་ཚོང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2024ལོ་ནས་2026ལོའི་བར)》བཟོས་ནས་བཀྲམ་སྟེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཐོན་རྫས་ཁྲོམ་ར་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཁོར་ཡུག་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས་སོགས་ལ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་གཉེར་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི“སྟབས་བདེ་བ་དང་། སྐྱིད་སྣང་དོད་པ། བདེ་འཇགས་ལྡན་པ། བློས་འཁེལ་བ”བཅས་ཀྱི་འཚོ་བའི་དགོས་མཁོར་ཞབས་འདེགས་དང་འགན་སྲུང་དེ་བས་ལེགས་པོ་བྱེད་པ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    《མཚོ་སྔོན་ཞིང་ཆེན་ཞིང་ཞོར་ཐོན་རྫས་ཁྲོམ་རའི་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2024ལོ་ནས་2026ལོའི་བར)》ཡི་ནང་གཏན་འཁེལ་བྱས་དོན། ཞིང་ཞོར་ཐོན་རྫས་ཁྲོམ་རའི་དམངས་འཚོར་ཕན་པ་དང་། མཁོ་སྤྲོད་འགན་ལེན། ཟོག་གོང་བརྟན་པོ། བདེ་འཇགས་འགན་ལེན། འཛད་སྤྱོད་ལ་སྐུལ་འདེད་བཅས་ཀྱི་ནུས་པ་གཏན་འཁེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོར་གཏོང་གི་རིམ་སྤོར་ཚད་ལྡན་ཅན་དང་། འཚོ་བའི་ཞབས་ཞུའི་ལས་རིགས་ཁྱད་ལྡན་ཅན། གཉེར་སྐྱོང་དོ་དམ་བློ་རིག་ཅན། ཁོར་ཡུག་དོ་དམ་ཚད་གཞི་ཅན། ལས་སྒོ་དོ་དམ་ཚན་རིག་ཅན་བཅས་ཀྱི་བྱེད་ཐབས་ཁག་ལྔ་ལག་ལེན་བསྟར་བ་བརྒྱུད། ཞིང་ཆེན་རིམ་པའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱེད་པའི“མཛོད་ཆེན”དང་གྲོང་ཁྱེར་དང་ཀྲོའུ་རིམ་པའི“འབྲས་དང་ཤ་ཚལ་སྒོང་གསུམ”མཁོ་སྤྲོད་འགན་ལེན་གྱི་ཁྲོམ་ར་སྐྱེད་སྲིང་ལ་སྐུལ་མ་གཏོང་རྒྱུ་རེད། 2026ལོར་སླེབས་སྐབས། བསྐྲུན་ནས་གཉེར་སྐྱོང་བྱེད་བཞིན་པ་མ་ཟད་ཞིང་ཆེན་ཚོང་དོན་ཐིང་གི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཐོན་རྫས(ཚོང་འདུས)ཁྲོམ་ར་སོགས་རྣམ་གྲངས་མཛོད་ནང་བཅུག་པའི་རིགས་50%ཡན་ལ་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཡོང་བའི་བརྩོན་ལེན་བྱེད་པ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་མཛོད་ནང་བཅུག་ནས་ལོ་10ཡན་སོང་བ་མ་ཟད་ཆ་རྐྱེན་དང་མཐུན་པའི་ཞིང་ཞོར་ཐོན་རྫས་ཁྲོམ་ར་རྙིང་པ་ཡོངས་ལ་རིམ་སྤོར་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་ཆེན་ཡོངས་དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས)བཅས་རིམ་གསུམ་ཞིང་ཞོར་ཐོན་རྫས་ཁྲོམ་རའི་དྲ་རྒྱ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཚད་ལྡན་ཅན་དང་། ཚད་གཞི་ཅན། བློ་རིག་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་ནས་བཀོད་པ་ལུགས་མཐུན་དང་། བྱེད་ནུས་འཐུས་ཚང་། དོ་དམ་ཚད་ལྡན། ཁོར་ཡུག་མཛེས་པ། བཟའ་བཅའ་བདེ་འཇགས། མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་བྱ་ཡུལ་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།