དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཞིང་ཆེན་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-29

    ● མིག་སྔའི་བར་ཞིང་ཆེན་ཡོངས་ལ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་70དང་། ཤང་གྲོང་འཕྲོད་བསྟེན་ཁང་405 སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་35 གྲོང་ཚོའི་འཕྲོད་བསྟེན་ཁང་4305བཅས་ཡོད་པ་དང་། ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་བསྡོམས་42བཙུགས་པ་དེ་རྫོང་རིམ་པའི་སྨན་ཁང་57དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་343 ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་45བཅས་ལ་ཡོངས་སུ་ཁྱབ་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དེ་བས་ཆ་སྙོམས་དང་། ཚང་མར་ཁྱབ་ཡོད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་ཀྲུང་གོའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཞིང་ཆེན་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་ལས་དོན་དེ“རྫོང་རིམ་པ་སྟོབས་ཆེན་དང་། ཤང་རིམ་པ་གསོན་ཉམས་དོད་པ། གྲོང་ཚོ་རིམ་པ་བརྟན་པ”བཅས་ཀྱི་སྤྱིའི་བསམ་བཀོད་ལ་དམིགས་ནས། སྤུས་ལེགས་ནུས་ཆེའི་སྒྲིལ་བཅོས་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ཞིང་། འཁོར་སྐྱོད་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཐོབ་ཐང་འགན་ལེན་བྱེད་ཚད་མཐོ་རུ་གཏོང་བ་སོགས་ལ་མུ་མཐུད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་ཐབས་བྱས་པས། རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་ལ། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ཞིང་ཆེན་ཡོངས་ལ་ཁྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས“གཞི་རྩ་འགན་སྲུང་དང་། གཞི་རིམ་སྟོབས་ཆེན། ལམ་སྲོལ་གསར་འཛུགས”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། ཞིང་འབྲོག་ཁུལ་གྱི་གྲོང་མིའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་སྐོང་བ་གཙོ་གནད་དུ་བྱེད་པ་དང་། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་པ། “གཞི་རིམ་དུ་སྤུས་ལེགས་ཞབས་འདེགས་ཞུ་བའི”བྱེད་སྒོ་དང་སྡེ་ཁུལ་སྨན་ཁང་འཛུགས་སྐྲུན་ལག་བསྟར་བྱེད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་གཏོང་བ། སྨན་བཅོས་སྒྲིག་ཆས་ལེགས་གཏོང་རིམ་སྤོར་བྱེད་པ། ཞབས་ཞུའི་ཁོར་ཡུག་སྔར་བས་དྲོ་སྐྱིད་ལྡན་པ་བཅས་བྱས་པས། མང་ཚོགས་ཀྱི་སྨན་བཅོས་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ལ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་70དང་། ཤང་གྲོང་འཕྲོད་བསྟེན་ཁང་405 སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་35 གྲོང་ཚོའི་འཕྲོད་བསྟེན་ཁང་4305བཅས་ཡོད་པ་དང་། ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་བསྡོམས་42བཙུགས་པ་དེ་རྫོང་རིམ་པའི་སྨན་ཁང་57དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་343 ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་45བཅས་ལ་ཡོངས་སུ་ཁྱབ་ཡོད། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དེ་བས་ཆ་སྙོམས་དང་ཚང་མར་ཁྱབ་ཡོད། 100%ཡི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། 97.5%ཡི་ཤང་གྲོང་འཕྲོད་བསྟེན་ཁང་། 80%ཡི་གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་ཀྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་དང་གན་རྒྱ་བཞག་ཚད་76.29%ཟིན་པ་དང་གཙོ་གནད་མི་ཚོགས་ཀྱིས་93.77%ཟིན་ཡོད།

    གོམ་སྟབས་རྗེས་མར། མཚོ་སྔོན་གྱིས་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་བདེ་ཐང་མཚོ་སྔོན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གནས་བབ་གལ་ཆེན་ཐོག་བཞག་སྟེ། རྫོང་ཁོངས་ཀྱི་ཚགས་དམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་དམ་པོར་དམིགས་ནས། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཕྱོགས་བསྡུས་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད། 2025ལོར་སླེབས་སྐབས་རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད་90%ཡས་མས་ཟིན་རྒྱུ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་བྱེད་ཚད་ཀྱིས་བཟུང་བའི་བསྡུར་ཚད་55%ཡས་མས་ཟིན་ཐུབ་པའི་བརྩོན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩར་ཆུ་ཚད་དེ་བས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།