པར་ཙིར་བ“མོ་ཞའོ་ལུང”གི་དྲག་རྩལ་སྦྱོང་བའི་ལམ་བུ།
འདི་ནི་མོ་ཞའོ་ལུང(མདུན)གིས་དྲག་རྩལ་པ་གཞན་དང་མཉམ་དུ་ནན་ཉིང་གཡུང་ཅང་གཙང་འགྲམ་དུ་དྲག་རྩལ་སྦྱོང་བཞིན་པ།
འདི་ནི་མོ་ཞའོ་ལུང་གིས་ནན་ཉིང་གྲོང་ཁྱེར་ནན་ཧུའུ་སྤྱི་གླིང་དུ་དྲག་རྩལ་སྦྱོང་བཞིན་པ།
འདི་ནི་མོ་ཞའོ་ལུང་གིས་ནན་ཉིང་གྲོང་ཁྱེར་ནན་ཧུའུ་སྤྱི་གླིང་དུ་གཞི་རྩའི་ནུས་རྩལ་སྦྱོང་བཞིན་པ།
འདི་ནི་མོ་ཞའོ་ལུང་གིས་དྲག་རྩལ་ཁང་ཞིག་ཏུ་སློབ་མར་དབྱུག་རྩལ་སྦྱོང་བརྡར་ལ་མཛུབ་ཁྲིད་བྱེད་བཞིན་པ།
འདི་ནི་ནན་ཉིང་གྲོང་ཁྱེར་ཀོང་ཤིས་རྒྱལ་སྤྱིའི་ཀྲོང་ལུགས་གསོ་རིག་སྨན་ཁང་དུ་མོ་ཞའོ་ལུང(གཡོན)གིས་སྨན་པ་དབུན་ཡུང་གི་ས་ནས་འཕུར་མཉེད་ལག་རྩལ་སྦྱོང་བཞིན་པ།
འདི་ནི་ནན་ཉིང་གྲོང་ཁྱེར་ཀོང་ཤིས་རྒྱལ་སྤྱིའི་ཀྲོང་ལུགས་གསོ་རིག་སྨན་ཁང་དུ་མོ་ཞའོ་ལུང(གཡོན)གིས་སྨན་པ་ལེའོ་ལེན་ལེན་གྱི་ས་ནས་ཁབ་བཙའི་ཤེས་བྱ་སྦྱོང་བཞིན་པ།
འདི་ནི་མོ་ཞའོ་ལུང་གིས་སློབ་མར་དྲག་རྩལ་སློབ་བཞིན་པ།
འདི་ནི་མོ་ཞའོ་ལུང(དཀྱིལ)གིས་དྲག་རྩལ་པ་གཞན་དང་མཉམ་དུ་ནན་ཉིང་གྲི་རྩལ་སྦྱོང་བཞིན་པ།
མོ་ཞའོ་ལུང་གི་མིང་དངོས་ལ་ཅ་པུའུ་ལི་ཨེར·ཏེ·མོ་ལཱ་སི་ཟེར། 1978ལོར་སྐྱེས་པ་དང་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ནས་ཡིན་ཞིང་། ཀོང་ཤིས་ནན་ཉིང་གི་དྲག་རྩལ་ཁང་ཞིག་གི་དྲག་རྩལ་རྩལ་ཁྲིད་པ་ཞིག་རེད། གཞོན་ནུའི་དུས་ཀྱི་མོ་ཞའོ་ལུང་ལ་དྲག་རྩལ་པ་གྲགས་ཅན་ལི་ཞའོ་ལུང་གི་ཤུགས་རྐྱེན་ཐེབས་ཏེ་1999ལོ་ནས་བཟུང་ཁོང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་དྲག་རྩལ་སྦྱོང་འགོ་བརྩམས། ཀྲུང་གོའི་དྲག་རྩལ་དང་དེ་བཞིན་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་རིམ་བཞིན་རྒྱུས་མངའ་བྱུང་བ་དང་སྦྲགས། ཁོང་གིས་རང་ཉིད་ལ་མོ་ཞའོ་ལུང་ཞེས་པའི་ཀྲུང་གོའི་མིང་ཞིག་བཏགས།
2008ལོར་སྤེལ་རེས་སློབ་མའི་ངོས་ནས་མོ་ཞའོ་ལུང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་སྤེལ་རེས་སློབ་སྦྱོང་བྱེད་པར་ཡོང་བ་རེད། སྤེལ་རེས་བྱེད་རིང་ཁོང་གིས་ཁབ་བཙའི་སློབ་ཚན་ནན་ཏན་ངང་སྦྱངས་པ་དང་དུས་མཚུངས་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོའི་དྲག་རྩལ་རྒྱུན་ཆད་མེད་པར་སྦྱངས། མོ་ཞའོ་ལུང་གི་ངོས་ནས་བརྗོད་ན། ཀྲུང་ལུགས་གསོ་རིག་གི་ནད་བཅོས་སྲོག་སྐྱོབ་ནས་ཀྲུང་གོའི་དྲག་རྩལ་གྱི་གཟུགས་པོ་བདེ་ཐང་བར་དེ་དག་ཚང་མ་ནི“ཁྱད་འཕགས་རྩལ་ནུས”ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
སློབ་སྦྱོང་མཇུག་འགྲིལ་རྗེས་མོ་ཞའོ་ལུང་གི་པར་ཙིར་དུ་ལོག་ནས་ཕ་ཡུལ་དུ་དྲག་རྩལ་ཁང་ཞིག་བཙུགས་པ་དང་དུས་མཚུངས་ཀྲུང་ལུགས་གསོ་རིག་གི་ཁབ་བཙའི་སློབ་ཚན་ཡང་སློབ་ཁྲིད་བྱས་ཏེ། རང་ཉིད་ཀྱིས་ཀྲུང་གོར་སྦྱངས་པའི་ཀྲུང་ལུགས་གསོ་རིག་གི་ཁབ་བཙའི་ཤེས་བྱ་ཕ་ཡུལ་གྱི་མི་རྣམས་ལ་དཔེ་ཁྲིད་བྱེད་ཀྱི་ཡོད།
2011ལོར་མོ་ཞའོ་ལུང་ཀྲུང་གོར་ཐེངས་གཉིས་པ་ཡོང་ཞིང་། ཁོང་དང་ནན་ཉིང་གི་བུ་མོ་ཞིག་དགའ་རོགས་སྒྲིག་པ་དང་དེའི་ཕྱི་ལོར་ཁོང་གཉིས་པར་ཙིར་དུ་གཉེན་སྒྲིག་བྱས་པ་རེད། 2016ལོར་མོ་ཞའོ་ལུང་གིས་བཟའ་ཟླ་དང་མཉམ་དུ་ཀོང་ཤིས་ནན་ཉིང་གྲོང་ཁྱེར་དུ་ལོག་པ་དང་འབྲེལ་ཀྲུང་གོར་སྡོད་རྒྱུའི་སེམས་ཐག་བཅད། ཡུན་རིང་མ་སོང་བར་མོ་ཞའོ་ལུང་ལ་ནན་ཉིང་ནས་དྲག་རྩལ་དགེ་རྒན་ཚའེ་རུང་ཁུན་ངོ་ཤེས་པ་དང་། ལོ་མང་པོ་དྲག་རྩལ་སྦྱངས་རྗེས་དྲག་རྩལ་ཁང་ཞིག་གི་ཆེད་ལས་དྲག་རྩལ་རྩལ་ཁྲིད་པ་ཞིག་ཏུ་གྱུར།
ལས་ཞོར་སྐབས་མོ་ཞའོ་ལུང་རྐང་འཁོར་བཞོན་པ་དང་། ཇ་འཐུང་བ། ཡིག་གཟུགས་སྦྱོང་བ་བཅས་ལ་དགའ་པོ་ཡོད། ཁོང་གིས་རྟག་ཏུ་ཀོང་ཤིས་ནན་ཉིང་གི་ས་གནས་དེ་གའི་ཀྲུང་ལུགས་གསོ་རིག་སྨན་པའི་ས་ནས་ཀྲུང་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་རྩལ་ནུས་སྦྱོང་གི་ཡོད།
འདི་ལོ་ནི་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། མོ་ཞའོ་ལུང་གིས་རང་ཉིད་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི“རིག་གནས་ཀྱི་ཕོ་ཉ”ཞིག་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་པར་ཙིར་བ་དེ་བས་མང་བས་ཤེས་སུ་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད།