དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རླུང་གློག་གི་ཁེ་བེད་བདག་ཐོབ་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-29

    འདི་ནི་2024ལོའི་ཟླ་6ཚེས་19ཉིན་པར་བླངས་པའི་འབྲི་ཆུའི་འགག་གསུམ་ཚོགས་པའི་ཀྲང་ཕུའུ་མཚོ་ཐོག་རླུང་གློག་རྣམ་གྲངས་དུས་ཐེངས་གཉིས་པ་ལག་བསྟར་བྱ་ཡུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིན་ཧྲན་ཁྲོན་གྱིས་པར་བླངས)

    《རི་པིན་དཔལ་འབྱོར་གསར་འགྱུར》གྱིས་ཉེ་ཆར་ཁེ་བེད་བདག་ཐོབ་བརྟག་དཔྱད་ཀུང་སིར་མངགས་བཅོལ་བྱས་ནས་རླུང་ཤུགས་གློག་འདོན་འཕྲུལ་ཆས་དང་འབྲེལ་བའི་ཁེ་བེད་བདག་ཐོབ་ཀྱི་གྲངས་གཞི་བསྡུ་རུབ་དང་། རྒྱལ་སྤྱིའི་རེ་ཞུ་ཡོད་མེད་དང་འགྲན་ཡས་དོ་ཁུར་བྱེད་ཚད་སོགས་ཀྱི་ཐད་2015ལོ་ནས་2024ལོའི་ཟླ་བཞི་པའི་བར་ཁྱབ་བསྒྲགས་བྱས་པའི་ཁེ་བེད་བདག་ཐོབ་ཁག་169822ཀྱི་འགྲན་རྩོད་ནུས་པར་དཔྱད་བསྡུར་སྐར་མ་བརྒྱབ་པ་རེད། བརྟག་དཔྱད་ལས་མངོན་པར་གཞིགས་ན། 2023ལོར། ཀྲུང་གོ་འདི་ཉིད་རླུང་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་ཁེ་བེད་བདག་ཐོབ་ཀྱི་འགྲན་རྩོད་ནུས་པ་ཨང་རིམ་དང་པོར་ཐོག་མར་སླེབས་ཡོད་པ་རེད།

    གོ་ལ་ཧྲིལ་པོའི་རླུང་ནུས་ལས་འཛིན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2024ལོའི་གོ་ལ་ཧྲིལ་པོའི་རླུང་ནུས་སྙན་ཞུའི》ནང་མངོན་པར་གཞིགས་ན། 2023ལོར། གོ་ལ་ཧྲིལ་པོའི་རླུང་ནུས་ལས་རིགས་ཀྱི་གསར་འཕར་གློག་འདོན་ཤུགས་ཅི་ཝ་117ཟིན་ནས་ཟིན་ཐོ་གསར་པ་བཏོད་པ་དང་། ཀྲུང་གོ་ལོ་6བསྟུད་མར་མཚོ་ཐོག་རླུང་གློག་གསར་སྤེལ་ཐད་མདུན་གྲལ་དུ་སླེབས་ཡོད། 2023ལོར་གསར་འཕར་གློག་འདོན་ཤུགས་ཅི་ཝ་6.3ཟིན་པ་དེས་གོ་ལ་ཧྲིལ་པོའི་མཚོ་ཐོག་རླུང་གློག་གི་གསར་འཕར་གློག་འདོན་ཤུགས་ཀྱི་58%བཟུང་ཡོད་པ་རེད།

    —— 《རི་པིན་དཔལ་འབྱོར་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།