དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་དྲུག་པའི་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དམིགས་ཚད་གཙོ་བོ་ཚང་མ་ཅུང་མགྱོགས་མྱུར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-29

    གསར་འགོད་པར་ཚེས་26ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་དྲུག་པའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་སྐྱོད་ལེགས་སུ་རྒྱུན་མཐུད་ཕྱིན་ནས་སྤྱིར་ན་བརྟན་པོ་བྱུང་ཞིང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་། གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད། མི་སྣ་ཕྱིར་སྐྱོད་བྱེད་ཚད་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དམིགས་ཚད་གཙོ་བོ་ཚང་མ་ཅུང་མགྱོགས་མྱུར་འཕར་ཡོད་པ་རེད།

    ཟླ་དང་པོ་ནས་དྲུག་པའི་བར། ལས་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་269.9ཟིན་ནས་དུས་མཚུངས་ལས་4.1%འཕར་བ་དང་། གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་85.6ཟིན་ནས་དུས་མཚུངས་ལས་4.6%འཕར་བའི་ཁྲོད་དོས་སྒམ་དུང་ཕྱུར་1.6འདོན་འཇུག་བྱས་པ་དེ་དུས་མཚུངས་ལས་8.5%འཕར་བ། མི་སྣ་ས་ཁོངས་བསྒྲལ་ནས་ཕྱིར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་324.1ཟིན་ནས་དུས་མཚུངས་ལས་7.4%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།