དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

    སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཁྲུའུ་ཆི།   |     སྤེལ་དུས།  2024-07-29

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་དང་སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཞིང་། དངོས་སྦྱོང་དངོས་སྒྲུབ་ཐད་ཤུགས་བརྒྱབ་ནས་ཕན་འབྲས་ཐོན་པ་བྱས་ཡོད་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་དགོས་པའི་ཁྲིད་སྟོན་ཡང་བྱས་ཡོད།

    ཉེ་ཆར། སི་ཁྲོན་ཞིང་ཆེན་ཧྥུང་ཤིས་རྫོང་ཏ་ཧྲི་གྲོང་རྡལ་ཉིའུ་ཅའོ་ཀོའུ་གྲོང་ཚོར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་དང་ལས་བྱེད་པ་300ལྷག་ཙམ་ཧྥུང་ཤིས་འོས་ལངས་བཀོད་འདོམས་པུའི་གནས་རྙིང་དུ་ཡོང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྤྱོད་གཙང་གི་གཏམ་རྒྱུད་ཉན་པ་རེད། ཧྥུང་ཤིས་རྫོང་གིས་གསར་བརྗེའི་རིག་གནས་དང་སྤྱོད་གཙང་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། “བསླབ་གཞི་སློབ་ཁྲིད་+གྱོད་དཔེ་སློབ་ཁྲིད་+ས་གནས་ས་ཐོག་ཏུ་ཞིབ་སློབ”བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་པ་རེད། ད་ལོའི་ཚུན་རིམ་རྩིས་བྱས་ན་མི་ཐེངས་5000ལྷག་ཙམ་ཧྥུང་ཤིས་ཁྱིམ་སྲོལ་ཁང་དང་ཧྥུང་ཤིས་འོས་ལངས་རྗེས་ཤུལ་སོགས་གཞི་རིམ་སྤྱོད་གཙང་སློབ་གསོའི་ས་ཚིགས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད།

    ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱིས་ཅིན་ཀྲོའུ་ཕིང་ཀོ་སྲིད་གཙང་རིག་གནས་འགྲེམས་སྟོན་ཁང་རིམ་སྤོར་སྒྱུར་བཀོད་དང་འགྲེམས་སྒྲིག་གསར་སྒྱུར་བྱས་ནས། “སྒྲིག་ཁྲིམས་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལོ་རྒྱུས་བཤམས་སྟོན་གྱི་ཆེད་དོན་འགྲེམས་སྟོན”བྱས་པ་དང་། “ཐོག་མའི་བསམ་འདུན་ལ་བརྟེན་ནས་སྤྱོད་གཙང་སྲུང་བ·ཏང་གི་སྒྲིག་ཁྲིམས་ནམ་ཡང་སེམས་སུ་གནས”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་ལ་ཟུག་པར་བྱས་ཡོད།

    ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་ཆུས་ཀྱིས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་གསར་གཏོད་བྱས་ཏེ། ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་འཁྲུག་ཆ་དོད་དུ་བཏང་བ་དང་། གསར་རྩོམ་བྱས་པའི་སྲིད་གཙང་རླུང་འཕྲིན་འཁྲབ་ཚན《སྤྱོད་གཙང་དོ་རའི》ནང་སྒྲིག་ཁྲིམས་དྲིལ་བསྒྲགས་དང་ཉེན་བརྡའི་སློབ་གསོ་སོགས་ཀྱི་ནང་དོན་བཅུག་ནས་ཀོ་ཕིག་གི་འཁྲབ་ཚན་ཆུང་གྲས་རྩེ་གྲ་ཁག་གཅིག་བཟོས་ནས་བཏོན་ཡོད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་ཉེན་བརྡའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཡག་པོ་བྱས་པ་དང་ཉེ་འཁོར་གྱི་བྱ་བ་ལ་བརྟེན་ནས་ཉེ་འཁོར་གྱི་མིར་སློབ་གསོ་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ་ཏང་ཡོན་ལས་བྱེད་པར་དོགས་ཟོན་ཆེར་སྐྱེད་དང་། མཐའ་ཚད་གསལ་རྟོགས། གུས་སྐྲག་ཤེས་པ་བཅས་བྱེད་དུ་བཅུག་ཡོད།

    “ད་ལྟ་བརྡ་ཁྱབ་བཏང་བའི་ཏང་ཡོན་ལས་བྱེད་པས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱས་པའི་དཔེ་མཚོན་གྱོད་དཔེ་གསུམ་པོ་ཚང་མ་ང་ཚོའི་ཉེ་འགྲམ་གྱི་མི་དང་བྱ་བ་ཤ་སྟག་ཡིན། རེ་བར་ཚང་མས་གྱོད་དཔེ་ལས་བསླབ་བྱ་ལེན་པ་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས” ཉེ་ཆར་ཧུའུ་པེ་ཞིང་ཆེན་ཁྲུང་དབྱང་རྫོང་ཆིང་ཧྲན་གྲོང་རྡལ་ཙི་མུའུ་གྲོང་ཚོར་སྒྲིག་ཁྲིམས་སློབ་གསོའི་སློབ་ཚན་ཞིག་ཚོགས་བཞིན་ཡོད། ཁྲུང་དབྱང་རྫོང་གིས་གྱོད་དཔེ་ནས་བསླབ་བྱ་ལེན་པ་དང་གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་གསལ་རྟོགས་གཏིང་ཟབ་བྱས་ཤིང་། སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་དང་ཟིལ་གྱིས་གནོན་པའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ། རིགས་ཆེན་པོ་བདུན་གྱི་དཔེ་མཚོན་གྱོད་དཔེ་92ཕྱོགས་སྒྲིག་བྱས་ནས་ཏང་ཡོན་དང་ལས་བྱེད་པར་མུ་མཐུད་རིག་པ་དྭངས་གསལ་གྱིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གུས་སྐྲག་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    རྒྱལ་ཁབ་གློག་དྲ་ཅའོ་ཀྲོའུ་གྲོང་ཁྱེར་གློག་འདོན་ཀུང་སིས་ཉེ་བའི་ལོ་ཤས་རིང་ཁོངས་གཏོགས་དེའི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེ་གསེད་བཀྲོལ་བྱས་པ་དང་། ལས་སྒོའི་རྐང་འཛིན་པས་གྱོད་དཔེ་དང་ཟུང་འབྲེལ་ཞིབ་ཚགས་བྱས་ནས་དབྱེ་ཞིབ་དང་གསལ་འགྲེལ་གཏིང་ཟབ་བྱས་པ་དང་ཆབས་ཅིག ཉེན་བརྡའི་སློབ་གསོ་གཏིང་ཟབ་སྤེལ་ནས“ཇ་འཐུང་ཞོར་དུ་སྲིད་གཙང་གླེང་བ”དང་། ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱེད་པ། གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་གསལ་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་ཏང་ཡོན་ལས་བྱེད་པར་རུལ་འགོག་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་ཟིལ་གནོན་རྟག་ཏུ་གནས་པར་འགན་ལེན་བྱས་ཡོད།

    ན་གཞོན་ཏང་ཡོན་དང་། འགག་རྩའི་ལས་གནས་ཀྱི་ཏང་ཡོན། གཞུང་ཁོངས་ཁེ་ལས་ཀྱི་ཏང་ཡོན་སོགས་ཏང་ཡོན་ཚོགས་སྤྱི་རིགས་བདུན་ལ་དམིགས་ཏེ། ཅང་སུའུ་ཞིང་ཆེན་ཅན་ཧུའུ་རྫོང་གིས《རྒྱུན་མཐོང་གི་སྒྲིག་འགལ་གནས་ཚུལ་ཞིབ་བསྡུར་ཞིབ་བཤེར་གྱི་དཔྱད་གཞིའི་གསལ་ཐོ》ལེགས་སྒྲིག་བྱས་པ་དང་། ཏང་ཡོན་སྒྲིག་འཛུགས་ཀྱིས་རང་བཤེར་རང་བཅོས་བྱས་པ། རང་ངོས་ཀྱི་གནད་དོན་ལ་ཞིབ་བཤེར་གཏིང་ཟབ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལེགས་བཅོས་བྱ་ཐབས་བཏོན་ཡོད།

    ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ལས་སྒྲུབ་ལས་གཏོད་དང་ཟུང་འབྲེལ་དམ་ཟབ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་སྒྲུབ་མཁས་བྱེད་ཕོད་གཅིག་གྱུར་བྱས་ཏེ། ཏང་ཡོན་ལས་བྱེད་པར་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་འཕེལ་རྒྱས་ལ་དམ་འཛིན་དང་བྱ་གཞག་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཡོད།

    ཨན་ཧུའེ་ཞིང་ཆེན་ཧོའེ་ཉིང་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ས་ཁུལ་དེ་གའི་གཙོ་གནད་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་པའི་ཁར། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སོགས་ཀྱི་ལས་དོན་ལ་མཉམ་འདྲེས་དང་དེར་དམིགས་ཏེ། རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་ས་ཐོག་ཏུ་ལས་དོན་སྒྲུབ་པའི་ཚོགས་འདུ་དང“གྲོང་གསེབ་ཀྱི་མཚན་མོའི་གཏམ་གླེང”བཞུགས་མོལ་ཚོགས་འདུ་དང“ཁེ་ལས་ཀྱི་ཞབས་ཞུའི་ཉིན་མོ”སོགས་ཀྱི་བྱེད་སྒོ་རྒྱུན་དུ་སྤེལ་ཏེ། ངོ་ཐུག་གདོང་འཕྲད་ཀྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་གཅིག་གཏད་གཅིག་གིས་གནད་དོན་ཐག་གཅོད་བྱས་ཡོད།

    2024ལོར་གསར་དུ་བསྡུས་པའི་གཞུང་ཞབས་པ་གཅིག་རྗེས་གཉིས་མཐུད་ངང་ལས་གནས་སུ་འབྱོར་བ་དང་བསྟུན་ཏེ། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། 2024ལོར་གསར་དུ་བསྡུས་པའི་གཞུང་ཞབས་པ་ལས་གནས་སུ་སྐྱོད་པའི་མཛད་སྒོ་དང་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་རིམ་པ་ཕྱེ་ནས་གཉེར་ཡོད། སྲིད་གཙང་གི་མཉམ་སྡེབ་གླེང་མོལ་དང་ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་བ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་གསར་དུ་བསྡུས་པའི་གཞུང་ཞབས་པར་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་རིང་ཚད་ལྡན་གྱི་འགན་སྒྲུབ་དབང་སྤྱོད་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་སྤྱོད་གཙང་སྲིད་སྐྱོང་གི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།