དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ།

    ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་སྔ་དྲོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་མཁན་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

    མུའུ་ཧུང་གི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱབ་ལྗོངས། ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འགན་འཁྲི་ལས་འགན་བཅས་གསལ་བཤད་གནང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན་བཅས་འགྲེལ་བཤད་བརྒྱབ་པ། 《གཏན་འབེབས》ནང་བཏོན་པའི་སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ལ་གཙོ་གནད་ཐོག་གསལ་འགྲེལ་བྱས་པ་དང་འབྲེལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྒྱུར་བཅོས་ལས་འགན་ལག་བསྟར་དོན་འཁྱོལ་སྐོར་གྱི་ངོས་འཛིན་དང་མྱོང་ཚོར་ཡང་གསུངས་པ་རེད།

    སྙན་ཞུའི་ནང་དོན་གཏིང་ཟབ་ལ་ཁ་གསལ་བ་དང་ཕུན་སུམ་ཚོགས་པོ་ཞིག་ཡོད། དཔེ་མཚོན་གྱོད་དཔེ་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་གང་ལེགས་སྤྱད་དེ་གསལ་འགྲེལ་བརྒྱབ་ནས་ཉན་མཁན་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ལེན་ཟབ་ཏུ་གཏོང་རོགས་བྱས་ཡོད། ཚང་མས་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    པེ་ཅིང་དུ་ཡོད་པའི་ཏང་སྲིད་དམག་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་དང་མཐོ་སློབ་བཅས་ཀྱི་འགན་འཁུར་བ། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་མི་700ཙམ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིང་དུ་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས། ཉེ་དུས་རྒྱལ་ཡོངས་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།