“མི་བཟང་ལ་ལམ་བཟང་དང་སྤྱོད་བཟང་ལ་འབྲས་བཟང་ཐོབ་པའི”རིན་ཐང་སྟོན་ཕྱོགས་གསལ་པོ་བཏོད་པ།
ལྷོ་ཁ་གྲོང་ཁྱེར་གྱིས་སེམས་རྩ་འཁོལ་བའི་བྱ་ཐབས་སྤྱད་ནས་སྔོན་ཐོན་དཔེ་མཚོན་ལ་གུས་ལུགས་མཚོན་པར་བྱས་པ།
ཉེ་ཆར། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས“སྔོན་ཐོན་དཔེ་མཚོན་ལ་གུས་ལུགས་དང་ལྷོ་ཁའི་མིག་དཔེར་གུས་འདུད་ཞུ་བའི”རིན་མེད་ཀྱི་གཟུགས་པོ་བརྟག་དཔྱད་བྱེད་སྒོ་སྤེལ་ཏེ། སྔོན་ཐོན་དཔེ་མཚོན་ལ་མེ་ཏོག་དང་ཤེས་དཔལ་བདེ་ཐང་ཁུག་མ་སྤྲད་པ་མ་ཟད། སྔོན་ཐོན་དཔེ་མཚོན་ལ་རོགས་སྐྱོར་དང་གུས་ལུགས་མཚོན་པའི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས“མི་བཟང་ལ་ལམ་བཟང་དང་སྤྱོད་བཟང་ལ་འབྲས་བཟང་ཐོབ་པའི”རིན་ཐང་སྟོན་ཕྱོགས་གསལ་པོ་བཏོད་པ་རེད།
བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་སྔོན་ཐོན་དཔེ་མཚོན་དང་ཤེས་དཔལ་ཁྱིམ་ཚང་གི་མཚན་སྙན་ཐོབ་པའི་སྔོན་ཐོན་དཔེ་མཚོན་མི་སྣ་26གཟུགས་པོ་བརྟག་དཔྱད་ལ་ཞུགས་པ་ལས་རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང་དང་། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཁྱིམ་ཚང་། གྲོང་ཁྱེར་རིམ་པའི་ཤེས་དཔལ་ཁྱིམ་ཚང་། དེ་བཞིན་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་དང་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་མཁན་དང་། མི་སེམས་འགུལ་བའི་ལྷོ་ཁའི་མི་སྣ། མཐའ་སྲུང་བ་མཛེས་ཤོས་སོགས་ཚུད་ཡོད་པ་རེད།
ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཅང་ནན་གྱིས“ད་ཐེངས་ཀྱི་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱས་པ་བརྒྱུད‘མི་བཟང་གི་ནུས་པ’མུ་མཐུད་ཆེ་རུ་ཕྱིན་ནས་སྔོན་ཐོན་དཔེ་མཚོན་རྒྱུན་ཆད་མེད་པར་ཐོན་རྒྱུར་ཕན་ཡོད་ཀྱི་སྤྱི་ཚོགས་ཁོར་ཡུག་དང་རྣམ་པ་གཏོད་ཐུབ་པའི་རེ་བ་ཡོད། གོམ་སྟབས་རྗེས་མར་སྔོན་ཐོན་དཔེ་མཚོན་ལ་རོགས་སྐྱོར་དང་གུས་ལུགས་མཚོན་པའི་བྱ་ཐབས་མུ་མཐུད་དོན་འཁྱོལ་བྱས་ཏེ། བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་དཔེ་མཚོན་ལ་གུས་ལུགས་གཱ་བཟོས་ནས་སྔོན་ཐོན་དཔེ་མཚོན་གྱི་གཟི་བརྗིད་ཚོར་སྣང་དང་། ཐོབ་སྣང་། སྐྱིད་སྣང་བཅས་ཆེ་རུ་གཏོང་གི་ཡིན”ཞེས་བཤད་པ་རེད།