དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་པར་བརྐོ་བའི་སོར་མོའི་འཁྱུག་འགྲོས་ལས་འཁྲུངས་པའི་པར་ཤིང་རེ་རེ་ནས་ཤིང་བརྐོས་རྒྱུན་འཛིན་པའི་བཟོ་བོའི་སྙིང་སྟོབས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝུའེ་ཀོན་ཡུས་དང་། ཁྲུན་ལཱ། ཝུའུ་སི་སི།   |     སྤེལ་དུས།  2024-07-29

    ངོ་ཚ་སྨིན་པའི་ན་ཆུང་འབྲོག་མོ་དང་། དཔའ་མཛངས་བརྟུལ་ཕོད་ཀྱི་གེ་སར་རྒྱལ་པོ། གསོན་ཉམས་དོད་པའི་འཆམ་ར། ཏུན་ཧོང་ཚད་ལྡན་ཡིག་ཚགས་ཁྲོད་ཀྱི་བོད་ཡིག་གི་རུའུ་ལུགས་གསུང་རབ་སོགས་ཀྱི་ནང་དོན་དག་བོད་ཀྱི་བཟོ་བོ་མཁས་པའི་བྱང་ཆུབ་པའི་བརྐོ་རྩལ་ལས་བརྐོས་དཀྲོལ་ཡིག་རིས་སྣ་ཚོགས་ལ་མི་མངོན་པའི་སྟོབས་ཤུགས་རྫོགས་མཐའ་མེད་པ་ཞིག་མངོན།

    ཉིན་ཤས་གོང་། བོད་ལྗོངས་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་སོར་མོའི་འཁྱུག་འགྲོས་ལྷ་སར་གཉེར་བ་དང་། གནའ་དེང་གི་པར་ཤིང་170ལྷག་ཙམ་དང་། བཀབ་པར་300ལྷག་ཙམ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བཤམས་ཤིང་། རྩ་ཆེའི་རིག་དངོས་མང་པོ་ཞིག་ནི་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།

    པར་ཤིང་ལས་མངོན་པའི་བོད་ཀྱི་ངོ་མཚར་གཏམ་རྒྱུད།

    པར་ཤིང་ལག་རྩལ་ནང་ས་ནས་བོད་ལ་དར་ཏེ་ད་བར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད། བྱ་འབྲུག་དང་གསེར་ཉ་ཁ་སྤྲོད་དང་། རྒྱ་ནག་ལྕགས་རི། གཡུང་དྲུང་ལ་སོགས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱད་ཆོས་ཀྱི་མཚོན་རྟགས་སུ་གྱུར་ནས་པར་ཤིང་གི་རི་མོའི་ནང་ཡང་སེ་མཐོང་རྒྱུ་ཡོད།

    བོད་ཀྱི་རི་རྩེར་རླུང་གིས་རང་དགར་གཡོ་བའི་ཚོན་མདོག་སྣ་ལྔའི་རླུང་དར་ནི་གནའ་བོའི་ཞང་ཞུང་དུས་ནས་ད་བར་རྒྱུན་མི་ཆད་པར་དར་བའི་སྨོན་འདུན་མཚོན་བྱེད་ཅིག་རེད། བོད་ཀྱི་ས་གནས་ཁག་ནས་ཐོན་པའི་བཀབ་པར་17དེ་དག་ལས་གནའ་བོའི་རླུང་དར་ནི་པར་ཤིང་དཔར་བ་ལས་བྱུང་བ་ཞིག་ཡིན་པ་དང་། དཔར་བའི་རླུང་རྟའི་ནང་གི་རྟ་ལ་ལ་ནི་ཀྲོང་ངེར་ལངས་པ་དང་། ལ་ལ་ནི་རྒྱུག་པ། འགའ་ཞིག་ནི་འགྱིང་བ། ཁ་ཅིག་ནི་ཞི་ཞིང་དུལ་བ་སོགས་བཟོ་ལྟ་སྣ་ཚོགས་ཡོད་པ་མ་ཟད། སྐབས་རེར་སྟག་སེང་ཁྱུང་འབྲུག་དང་མཉམ་དུ་རྩེད་འཇོར་རོལ་བའི་རྣམ་པའང་མཐོང་རྒྱུ་ཡོད།

    བོད་ཆས་གྱོན་པའི་ཕོ་མོ་གཉིས་ཀྱི་པར་ཤིང་རི་མོ་དེ་སྤྱི་ཚོགས་རྙིང་པར་གཉེན་སྟོན་སྐབས་སྤྱོད་པ་དང་། གཙོ་བོ་ཁང་པའི་སྒོའི་རུར་སྦྱར་ནས་སྨོན་འདུན་བཟང་པོའི་དོན་སྟོན་པ་དང་། པར་ཤིང་གི་གཡོན་ལ་སྟག་དང་། གཡས་སུ་ནོར་གནག་བརྐོས་པ་ལས་སྐྱེས་པའི་དཔའ་སྟོབས་དང་བློ་གཤོགས་གཉིས་ལྡན་གྱི་གཤིས་རྒྱུད་མཚོན་གྱི་ཡོད། གནའ་དུས་མི་རྣམས་ཀྱིས་སྐབས་རེ་སོ་ན་ཚེ་པར་ཤིང་དེ་རིགས་འགྲམ་པར་སྦྱར་ན་སོའི་ན་ཟུག་གཞོམ་ཐུབ་པར་ཡིད་ཆེས་བྱེད་པ་ནི་དོན་དུ་སེམས་ཀྱི་འཁྱེར་སོ་ཡིན་པ་སོགས་པར་ཤིང་རིག་གནས་ལ་བོད་ཀྱི་དམངས་སྲོལ་གྱི་ཐུན་མོང་མ་ཡིན་པའི་ཆ་མང་པོ་འདུས་ཡོད།

    རྐོ་གྲི་དང་མར་གྱིས་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་ལ་དཔང་པོ་བྱས་པ།

    2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་རྒྱལ་ཁབ་ཁག་གི“གངས་ཀྱི་འདབ་མ་ཆུང་ངུས”དཔལ་འབར་ཨ་མ་གྲུབ་པའི“གངས་ཀྱི་འདབ་མ་ཆེན་པོའི”རྣམ་པ་དེས་ད་ཆའང་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། འགྲེམས་སྟོན་ནང་ཀྲུང་གོའི་རུ་ཁག་གི་སྣེ་ཁྲིད་བྱང་བུ་ཞིག་ཞིབ་ཚགས་པོས་གསར་དུ་བརྐོས་པ་ཞིག་བཞག་ཡོད།

    འགོ་འཛུགས་མཛད་སྒོའི་བྱང་བུ་ཇུས་འགོད་ལ་ཞུགས་མྱོང་བའི་བར་འཇུག་རི་མོ་མཁས་པ་ལི་མིན་གྱིས་འགྲེམས་སྟོན་གྱི་འགན་འཁུར་བ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རིམ་པ་གཉིས་པའི་མཛེས་རྩལ་པ་བཀྲ་ཤིས་ནོར་བུར་ཞིབ་ཚགས་པའི“གངས་འདབ”ཀྱི་ཇུས་འགོད་རི་མོ་སྤྲད་ཡོད།

    བརྩམས་ཆོས་དེ་དག་ལས་བོད་ཀྱི་པར་ཤིང་བཟོ་པའི་དེང་རབས་ཀྱི་བྱང་ཆུབ་པའི་བཟོ་རྩལ་ཆུ་ཚད་མངོན་ཡོད། “གལ་སྲིད་འགྲེལ་བཤད་ཞིབ་ཕྲ་མ་བརྒྱབ་ཚེ། ཚང་མས་འཕྲུལ་འཁོར་གྱིས་བརྐོས་པའི་ངོས་འཛིན་བྱེད་སྲིད། རི་མོ་དེ་དག་ཞིབ་ཚགས་ཤོས་ལ་སྐྲའི་ཕྲ་སྦོམ་ཙམ་ལའང་བརྐོས་བརྒྱབ་ཡོད། བརྐོས་ནོར་ཤོར་ཚེ་རི་མོ་ཧྲིལ་པོ་འཕྲོ་བརླག་འགྲོ་ངེས”ཞེས་བཀྲ་ཤིས་ནོར་བུས་བཤད།

    འགྲེམས་ཁང་དུ་དེང་རབས་གསར་གཏོད་བྱས་པའི་པར་ཤིང་མི་ཉུང་བ་ཞིག་ཡོད་པ་མ་ཟད། པར་ཤིང་ཞིག་ཏུ་བརྐོས་པའི་མི་སྣའི་གཟུགས་བརྙན་ལས་འགྱུར་བག་གི་སྟངས་སྟབས་སྣ་ཚོགས་མངོན་ཞིང་། བཀྲ་ཤིས་ནོར་བུས་བརྩམས་ཆོས་དེར་ཞིབ་པར་བལྟས་ཚེ་བོད་ཡིག་གི་ཀ་མད་སུམ་ཅུ་ལས་གྲུབ་ཀྱང་འདྲ་གཟུགས་མཚོན་རྟགས་དང་སྒྲ་སྦྱོར་ཡི་གེ་ཟུང་དུ་སྦྲེལ་ནས་མི་སྣའི་གཟུགས་དབྱིབས་ལས་བོད་ཀྱི་ཀ་མད་སུམ་ཅུ་མངོན་པར་བྱས་པ་ནི་བརྩམས་ཆོས་དེའི་བསམ་བཀོད་ཁྱད་པར་བ་ཞིག་ཡིན་ཞེས་བཤད།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཕུ་གསུམ་པར་ཤིང་བཟོ་རྩལ”ལས་གྲུབ་པའི་པར་ཤིང་ཞིག་སླང་བ་དང་། ལྟེབ་རྩེག་རྒྱག་པ། འོད་ལྡོག་པ། ཧྲིལ་པོ་ཉར་ཚགས་སོགས་བྱེད་ཆོག་གི་ཡོད།

    ས་མཐོའི་མཁའ་རླུང་སྐམ་ཤས་ཆེ་བས་ཤིང་པར་ཉར་ཚགས་ལ་དཀའ་ངལ་འཕྲད་ཀྱི་ཡོད། པར་ཤིང་གི་བཟོ་ལྟ་འགྱུར་བ་དང་གས་པ་སོགས་མི་ཡོང་ཆེད། གནའ་བོའི་བཟོ་བོས་མར་བྱུགས་ནས་བདག་གཅེས་བྱེད་ཀྱི་ཡོད། “པར་ཤིང་བརྐོས་ཚར་རྗེས་ཀྱི་སྐབས་ཤིག་རིང་། པར་ཤིང་མར་ཁུའི་ནང་བཙོ་བ་དང་། དེ་རྗེས་རྡོ་མཚོན་འབྱུག་གི་ཡོད”ཅེས་བཀྲ་ཤིས་ནོར་བུས་བཤད་པ་དང་། ཁོང་གིས་མར་ཁུ་པར་ཤིང་ལ་སིམ་རྗེས་ཐལ་བ་དང་བཞའ་ཚན་འགོག་ཐུབ་པ་མ་ཟད། པར་ཤིང་ངོས་ལ་སྲུང་སྐྱོབ་ཀྱི་སྐྱི་ལྤགས་སྲབ་མོ་ཞིག་ཆགས་ནས་གས་སྐྱོན་ཡོང་གི་མེད་ཅེས་བཤད།

    འགྲེམས་ཁང་དུ་མར་དྲིས་ཁེངས་པ་དང་། ལག་རྩལ་དེ་རིགས་བཟོ་བོས་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ནས་ད་ལྟའང་མུ་མཐུད་སྤྱོད་བཞིན་ཡོད།

    པར་ཤིང་གི་རི་མོ་གནའ་ཉམས་དོད་ལ་དེང་དུས་ཀྱི་གསར་གཏོད་ཡོད་པ་མ་ཟད། མཁོ་ཆས་མང་པོར་ཡང་སྤྱད་པ།

    པར་ཤིང་ཡིན་ཕྱིན་ཚང་མ་པར་རྒྱག་བྱེད་ཡིན་པའི་ངེས་པ་མེད། འགྲེམས་ཁང་དུ་རྩམ་པ་དང་ཟན་གོང་དུང་བན་གང་ཡོད་པ་ནི་ཟ་བའི་ཆེད་དུ་བསྒྲིགས་པ་ཞིག་མིན་པར་གཏོར་པ་བཟོ་ཆེད་ཡིན་པ་རེད། དེ་ནི་བོད་རིགས་མང་ཚོགས་ཀྱིས་མཆོད་པའི་རྫས་ཀྱི་ཚབ་བྱེད་པས། བོད་ཀྱི་དམངས་སྲོལ་བྱེད་སྒོ་མང་ཆེ་བར་དམར་མཆོད་མི་འབུལ་བར་ཟན་གོང་གིས་སྲོག་ཆགས་ཀྱི་ཚབ་བྱས་ནས་མཚོན་ཐབས་བྱེད་ཀྱི་ཡོད།

    རྩམ་པས་བཟོས་པའི་ཟན་གོང་ལ་རྩམ་པ་ཅུང་ཟད་བསྲེས་ཏེ་གཏོར་པའི་རི་མོའི་སྟེང་ཤུགས་ཀྱིས་མནན་རྗེས་བསླངས་གཟུགས་ཀྱི་རི་མོ་གསོན་ཉམས་དོད་པ་ཞིག་ཆགས་ཀྱི་ཡོད། “ཀོང་ཏུང་གི་ཟླ་མཆོད་བག་ལེབ་བཟོ་བའི་ཚོར་སྣང་འདུག”ཅེས་མྱོང་རོལ་བྱེད་མཁན་ཞིག་གིས་དགོད་བཞིན་དུ་བཤད།

    པར་ཤིང་རེ་འགའ་སྔོན་མ་ཐམ་ཀ་ཡིན། བོད་རྙིང་པར་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་གིས་ཤིང་ཐམ་ངོས་སྙོམས་པའི་རྩམ་པའི་སྟེང་དུ་བརྒྱབ་ནས་རྐུ་མི་ཤོར་བ་བྱེད་ཀྱི་ཡོད། གལ་སྲིད་རྟགས་དེ་ཟུབ་ཚེ་ཞིང་བྲན་ལ་ཆད་པ་གཅོད་ཀྱི་ཡོད། དེང་གི་ཆར་མཚོན་རྟགས་དེ་དག་ནི་བཤུ་བཞོག་དང་བརྙས་བཅོས་ཀྱི་མཚོན་དོན་མིན་པར་མཛེས་རིག་གི་ལྟ་བ་ཡང་དག་ཅིག་ཏུ་གྱུར་ཡོད།

    ལྟད་མོ་བ་མང་པོས་ཤིང་པར་རྒྱག་པར་མྱོང་རོལ་བྱེད་ཀྱི་ཡོད། “ཤུགས་སྙོམས་པོ་རྒྱག་དགོས”ཞེས་འགྲེམས་ཁང་གི་ལས་དོན་པ་སྐལ་བཟང་ཆོས་སྒྲོན་གྱིས་འཁྲིས་ནས་སློབ་བཞིན་དུ་བཤད་པ་དང་། ཁོང་གིས“སྤྱིའི་རྣམ་པ་གསལ་ལ་མི་གསལ་བ་དང་ཡི་གེའི་གཟུགས་རིས་རྒྱབ་ཤོག་ནས་མངོན་ཙམ་བྱུང་ཚེ་དཔར་ཟིན་པར་བརྩི་ཆོག”ཅེས་བཤད།

    རིག་གནས་བསམ་བཀོད་གླིང་དུ་པར་ཤིང་གི་རི་མོས་མི་རྣམས་ལ་བློ་སྒོ་ཆེན་པོ་འབྱེད་ཀྱི་ཡོད། མི་ཚང་མས་དོ་སྣང་བྱེད་པའི་ལྒང་བཞུ་ཞིག་གི་ངོས་སུ་པར་གྱི་རི་མོ་འོས་འཚམ་ཞིག་སྦྱར་ཡོད་པ་དང་། ལག་འཇུ་ཡོད་པའི་ཤིང་སྒྲོམ་བོད་ཀྱི་སྲོལ་རྒྱུན་པར་ཤིང་གི་བཟོ་ལྟར་བཟོས་ཡོད། ཁ་པར་གྱི་ཤུབས་དང་། ལྡེ་མིག་གི་ལུང་། རས་ཀྱི་སྟོད་ཐུང་དང་རས་ཀྱི་ཁུག་མ་བཅས་ལའང་པར་ཤིང་གི་རི་མོ་བརྒྱབ་ཡོད་པ་མ་ཟད། རང་ཉིད་ཀྱིས་དཔར་བའི་པར་དང་མཉམ་དུ་ཁྱེར་ཆོག་པའི་རིག་གནས་ལྟ་བུར་གྱུར་ཡོད།

    “ང་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་འགྲེམས་སྟོན་འགོ་བཙུགས་པ་དང་འཁེལ་འདུག”ཅེས་ཐེན་ཅིན་ནས་ཡོང་བའི་ཡུལ་སྐོར་བ་ཀྲེང་ཡ་དབྱི་ཡིས་བརྗོད་པ་དང་། ཁོང་གིས“པར་ཤིང་དང་པར་གྱི་རི་མོ་འདི་དག་སྤུས་ཀ་ཧ་ཅང་དག་ལ། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པར་བརྟེན། ལྟ་སྐོར་བའི་ཡིད་དབང་འཕྲོག་པ་ཞིག་འདུག བརྩམས་ཆོས་རེ་འགའ་མཐོང་བ་ལས་སྦྱར་ལྕང་སྔོན་མོའི་ལོ་གསར་རི་མོ་དྲན་བྱུང་བས། བོད་དང་ནང་སའི་དབར་གྱི་རིག་གནས་ལ་འབྲེལ་བ་ཟབ་མོ་འདུག”ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་24ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།