དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་དེ་བས་མཐོང་ཆེན་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

    —— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-07-29

    “སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་དེ་བས་མཐོང་ཆེན་བྱེད་དགོས་པ”དང“གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས” ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ། “ཏང་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས《གཏན་འབེབས》ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས”ཞེས་ནན་བཤད་བྱས་པ་རེད།

    “སྒྱུར་བཅོས་ཀྱི་སྐུལ་འདེད་པ་བྱེད་དགོས་ལ་སྒྱུར་བཅོས་ཀྱི་ལག་ལེན་པའང་བྱེད་དགོས”ཤིང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་འགག་རྩ་ནི་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བཅས་བྱེད་པར་ཐུག་ཡོད།

    (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་དབྱང་གི་རིམ་ངོས་ནས་སྤྱི་ཡོངས་ཇུས་འགོད་དང་། སྤྱི་འདོམས་མཐུན་སྦྱོར། ཁྱོན་ཡོངས་ལ་སྐུལ་འདེད། དོན་འཁྱོལ་ལ་ལྕག་སྐུལ་བཅས་བྱེད་པ་ནས་ས་ཁུལ་ཁག་གིས་ལས་འགན་ཁ་གསལ་དང་། འགན་འཁྲི་དོན་འཁྱོལ། ལས་ཡུན་ལྡོག་རྩིས། རྒྱུན་མཐུད་སྐུལ་སྤེལ་བཅས་བྱེད་པའི་བར་དང་། དེ་ནས་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བར། ཐབས་ཇུས་ཡག་པོ་དང་འཆར་གཞི་ཡག་པོ་ཡོད་ཕྱིན་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཚེ་གཞི་ནས་སྒྱུར་བཅོས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་ཤུགས་ཆེར་གཏོང་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ཉིད་ཏང་ཡོངས་ཀྱིས་ངེས་པར་དུ་དམ་པ་དོན་གཉེར་གྱི་སྒོ་ནས་དོན་འཁྱོལ་དམ་འཛིན་དང་། སྒྲུབ་ཕོད་པ་དང་བྱས་རྗེས་འཇོག་མཁས་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་བྱེད་པར་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་དམ་འཛིན་ཡག་པོ་བྱེད་དགོས། གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་ནས་ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས། གནས་ཚུལ་དངོས་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཀག་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་ཕྱི་ཚུལ་ཙམ་གྱི་རྟགས་མཚོན་ལས་གྲྭ་དང་མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི་སྲིད་དོན་ལས་རྗེས་ཀྱི་འདུ་འགོད་གཏན་འགོག་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། དོན་འཁྱོལ་དམ་འཛིན་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཚད་འཇལ་བའི་མཚོན་རྟགས་གལ་ཆེན་ཡང་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།

    ཐུན་མོང་གི་ངོས་འཛིན་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཐུན་མོང་གི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་དགོས། “མི་དམངས་མང་ཚོགས་ནི་མཐའ་ཡས་པའི་སྟོབས་ཤུགས་ཀྱི་རྒྱ་མཚོ་ལྟ་བུ་ཡིན་པ་མ་ཟད། མཐའ་ཡས་པའི་བློ་གྲོས་ཀྱི་རྒྱ་མཚོའང་ཡིན”ཞིང་། བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་རྒྱུར་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་མོས་སེམས་ཐོབ་ཚད་ཤུགས་ཆེར་གཏོང་དགོས།

    འགོ་འཛུགས་ས་གསར་པར་བཀོད་སྒྲིག་གསར་པ་བྱེད་དགོས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་རྒྱུའི་དུས་རབས་ཀྱི་དུང་བརྡ་བཏང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་པ། འབད་འབུངས་ཆེར་སྐྱེད། གསར་གཏོད་ཡར་བརྩོན་བཅས་བྱས་ཚེ་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་ངོ་མཚར་ཆེ་བའི་བྱས་རྗེས་གསར་པ་གཏོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།